彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུ་འཚོགས་པ།

       ཟླ༤ཚེས༣ཉིན། ཁུལ་ཡོངས་ཀྱི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་བརྙན་འཕྲིན་ཚོགས་འདུ་འཚོགས་པ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་།ཁུལ་གཏོགས་ལས་ཁུངས་སོ་སོའི་འགོ་ཁྲིད་གཙོ་བོ་དག་རང་སའི་ཚོགས་ར་ནས་བརྙན་འཕྲིན་ཚོགས་འདུ་ལ་ཞུགས།ཚོགས་འདུ་རུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་།ནན་ཏན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཤིང་།ཞིང་ཆེན་དང་།ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གཏིང་ཟབ་ཏུ་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་།ཁུལ་ཡོངས་ཀྱི་ལྟེ་གནས་དང་ཁྱོན་ཡོངས་ལ་དམ་པོར་དམིགས་ནས།2018ལོའི་རྩ་འཛུགས་ཀྱི་ལས་དོན་ལ་ཕྱོགས་བསྡོམས་དང་།2019ལོའི་རྩ་འཛུགས་ཀྱི་ལས་དོན་ལ་བཀོད་སྒྲིག་བྱས།ཁུལ་ཨུའི་རྒྱུན་ཨུ།ཁུལ་རྩ་འཛུགས་པུའུ་ཀྲང་ཞིས་ཆིང་ཚོགས་འདུ་རུ་ཞུགས་ནས་གཏམ་བཤད།
      ཞིས་ཆིང་གིས་བླང་བྱ་བཏོན་དོན།དུས་རབས་གསར་བའི་རྩ་འཛུགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས་པར། ངེས་པར་དུ་གཙོ་གནད་འཛིན་ཤེས་དགོས་པ་དང་།ཤུགས་ཆ་སྙོམས་སུ་འདོན་པ་དང་སྤྱིར་བཏང་ཅན་དུ་འགྱུར་བ་ལ་སྔོན་འགོག་བྱེད་དགོས།སྲུང་སྐྱོང་གཉིས་འབུར་དུ་བཏོད་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཤུགས་ཆེར་གཏོང་དགོས་ཤིང་།ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར།བྱང་ཚད་མཐོ་བ།ཆེད་ལས་ཅན་བཅས་ཀྱི་ལས་བྱེད་རུ་ཁག་ཅིག་བསྐྲུན་པར་ཤུགས་འདོན་དགོས།ཏང་འཛུགས་དམ་འཛིན་དང་དབུལ་ཐར་གནད་སྒྲོལ་གྱི་སྤུས་ཚད་ཇེ་མཐོ་རུ་གཏོང་བ་དང་།ཀན་ལྷོའི་ལས་དོན་འཕེལ་རྒྱས་ལ་དམིགས་ཏེ་ཕྱོགས་སོ་སོའི་ཕུལ་བྱུང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་དགོས།ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་སེམས་ལ་བཟུང་ནས།ལས་སྒོ་གཙོ་བོ་དམ་འཛིན་དང་འགན་འཁྲི་གཙོ་བོ་ལག་ཏུ་བསྟར་བ།ཧུར་ཐག་གིས་དུས་རབས་གསར་བའི་ནང་དུ་ཁུལ་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་བ་ཞིག་བསྐྲུན་དགོས་ཤིང་།གཞི་རིམ་ཏང་གི་འཛུགས་སྐྱོང་ལ་བརྟེན་ནས་དང་དབུལ་ཐར་གནད་སྒྲོལ་བྱེད་པར་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་འདོན་དགོས་པའི་བླང་བྱ་ནན་མོ་བཏོན།
      ཐེངས་འདིའི་ཚོགས་འདུ་ལ་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་ཚན་ཁག་གི་ཁོངས་མི་དང་།གྲོང་ཁྱེར་ཏང་ཨུ་དང་རྫོང་ཨུ་སོ་སོའི་རྩ་འཛུགས་པུའུ་ཀྲང་།ཁུལ་ཐད་གཏོགས་སྡེ་ཁག་གི་རྩ་འཛུགས་དང་མི་དོན་ལས་ཀའི་འགན་འཁུར་བ་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐