彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་ བདུན་པ།

དཔྱད་ཞིབ་གདེང་འཇོག་གི་ཚད་གཞི།
༩༢ ཅི་ཞིག་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ཟུང་ཞུ་ཟུང་དཔྱད་ཡིན།
ལན།སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཞང་ཏང་ཨུ་ལ་འགན་ཞུ་བྱེད་དགོས་པ་མ་ཟད།ཏང་ཡོན་མང་ཚོགས་ལའང་འགན་ཞུ་བྱེད་དགོས་པ་དང་།གོང་རིམ་གྱི་དཔྱད་འཇོག་དང་ལེན་བྱེད་དགོས་པ་མ་ཟད་ཏང་ཡོན་མང་ཚོགས་ཀྱི་དཔྱད་འཇོག་དང་ལེན་བྱེད་དགོས།
༩༣ སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་སྟོན་གྲངས་ལ་དཔྱད་འཇོག་བྱེད་པའི་བླང་བྱ་ནི་གང་ཡིན།
ལན།ཆབ་སྲིད་བྱེད་ནུས་མངོན་གསལ་ཡིན་པ།དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ།འགུལ་རྣམ་དོ་དམ་དངོས་སུ་ལག་བསྟར་བྱེད་པ། མང་ཚོགས་ཞུགས་པར་དོ་སྣང་བྱེད་པ།
༩༤ སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་སྟོན་གྲངས་ལ་དཔྱད་འཇོག་བྱེད་པའི་ནང་དོན་གང་ཡིན།
ལན། གཙོ་བོ་རྨང་གཞིའི་ཁག་དང་གདོང་ལེན་པའི་ཁག སྐར་མ་འཕྲི་བའི་ཁག་བཅས་ཚན་པ་གསུམ་ཡོད་ལ། རྨང་གཞིའི་ཁག་སྐར༦༠དང་།གདོང་ལེན་པའི་ཁག་དང་སྐར་མ་འཕྲི་བའི་ཁག་གཉིས་ཀྱི་ཆེས་མཐོའི་སྙོམས་གྲངས་སྐར༤༠ཡིན།
༩༥སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་སྟོན་གྲངས་ལ་དཔྱད་འཇོག་བྱེད་པའི་ཚད་གཞི་ནི་ཅི་འདྲ་ཞིག་ཡིན།
ལན། ལོའི་ནང་གི་འཐབ་འཛིང་བཙན་རྫོང་སྟོན་གྲངས་དཔྱད་འཇོག་གི་ཐོབ་སྐར=བརྟག་སྡུར་གྱི་ཆ་སྙོམས་གྲངས་འབོར×༦༠%+ཏང་ཀྲི་པུའུ་རང་ཉིད་ཀྱི་དཔྱད་འཇོག་གི་ཐོབ་སྐར×༡༠%+ཞང་དང་གྲོང་བརྡལ་གྱི་འགོ་ཁྲིད་མི་སྣའི་ དཔྱད་འཇོག་ཐོབ་སྐར×༡༠%+ཏང་ཡོན་མང་ཚོགས་ཀྱི་འདོད་བློ་ཚིམས་ཚད་ཀྱི་ཚད་ལེན་ཐོབ་སྐར×༢༠%ཡིན། དེའི་ཁྲོད་དུ་སྐར༩༠ ཡན་གྱི་དཔྱད་འཇོག་ཐོབ་པ་ནི་སྐར་ལྔའི་རིམ་པའི་ཏང་ཀྲི་པུའུ་ཡིན་ལ། སྐར༨༠---༩༠ནི་སྐར་བཞི་རིམ་པའི་ཏང་ཀྲི་པུའུ་ཡིན།སྐར༧༠---༧༩ནི་སྐར་གསུམ་རིམ་པའི་ཏང་ཀྲི་པུའུ་ཡིན།སྐར༦༠---༦༩ནི་སྐར་གཉིས་རིམ་ པའི་ཏང་ཀྲི་པུའུ་ཡིན། སྐར༦༠ལས་དམའ་བ་ནི་སྐར་གཅིག་རིམ་པའི་ཏང་ཀྲི་པུའུ་ཡིན།
༩༦ ཏང་ཡོན་གདོང་ལེན་སྟོན་གྲངས་ཀྱི་གལ་ཆེའི་གྲུབ་ཆ་ཁག་ནི་གང་དག་ཡིན།
ལན། རྨང་གཞིའི་ཆ་བསགས། དྲང་ཕྱོགས་སྐར་སྣོན། ལྡོག་ཕྱོགས་སྐར་འཕྲི་བཅས་ཁག་གསུམ་གྱིས་གྲུབ།
༩༧ ཏང་ཡོན་གདོང་ལེན་སྟོན་གྲངས་ཀྱི་དཔྱད་འཇོག་བརྒྱུད་རིམ་ག་འདྲ་ཞིག་ཡིན།
ལན།གཙོ་བོ་སྡེ་བའི་ཏང་ཀྲི་པུའུ་ཡིས་བྱེ་བྲག་ཏུ་རྩ་འཛུགས་ལག་བསྟར་བྱེད་པ་དང་།ཏང་ཡོན་གྱི་དམ་བཅའ་དང་མི་ སྒེར་བདག་ཉིད་དཔྱད་འཇོགཏང་ཡོན་ཕན་ཚུན་བར་གྱི་དཔྱད་འཇོགཀྲི་པུའུ་ཡི་དཔྱད་འཇོག   གོང་རིམ་ཏང་རྩ་འཛུགས་ཀྱི་ཞིབ་བཤེར།སྐར་སྟོན་ཡོངས་བསྒྲགས་ཀྱི“དམ་བཅའ་གཅིག་དང་དཔྱད་འཇོག་གསུམ། ཞིབ་བཤེར་གཅིག་
དང་ཡོངས་བསྒྲགས་གཅིག ”གི་རྣམ་པ་ལྟར་ལག་བསྟར་བྱེད་དགོས།
༩༨ ཏང་ཡོན་གདོང་ལེན་སྟོན་གྲངས་ལ་རིམ་པ་མི་འདྲ་བཞི་དགར་བ་གང་དག་ཡིན།
ལན།ཕུལ་བྱུང་ཏང་ཡོན།ཚད་ལྡན་ཏང་ཡོན།ཉེན་སྐུལ་ཏང་ཡོན།ཚད་ལྡན་མིན་པའི་ཏང་ཡོན་བཅས་རིམ་པ་བཞི་དགར་བ་ཡིན།
༩༩ སྡེ་བའི་ཀྲི་པུའུ་ཡིས་དབུལ་ཐར་འགག་སྒྲོལ་དམ་འཛིན་བྱེད་པའི་དཔྱད་ཞིབ་བླང་བྱ་ག་འདྲ་ཞིག་ཡིན།
ལན།ཞང་དང་གྲོང་བརྡལ་གྱི་ཏང་ཨུས་ལོ་རེར་རྩ་འཛུགས་ཐེངས༡བྱས་ནས་སྡེ་བའི་ཏང་ཀྲི་པུའུ་ལ་ཕྱོགས་ཡོངས་ཀྱི་དཔྱད་ཞིབ་བྱེད་པ་དང་།དཔྱད་ཞིབ་དེ་དུས་རྒྱུན་གྱི་བྱ་བའི་དཔྱད་ཞིབ་དང་ལོའི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་བཅས་གཉིས་སུ་དབྱེ་ཡོད།
༡༠༠ སྡེ་བའི་ཀྲི་པུའུ་ཡིས་དབུལ་ཐརའགག་སྒྲོལ་དམ་འཛིན་བྱེད་པའི་དཔྱད་ཞིབ་བྱེད་ཐབས་ནི་ག་འདྲ་ཞིག་རེད།
ལན།༡སྡེ་བའི་ཏང་ཀྲི་པུའུ་ཡི་རྒྱུན་ལྡན་དཔྱད་ཞིབ་དེ།ཞང་དང་གྲོང་བརྡལ་ཏང་ཨུས་རྒྱུན་ལྡན་དུ་ཤེས་རྟོགས་བྱུང་བའི་གནས་ཚུལ་གཞིར་བཟུང་ནས་ལོ་མཇུག་ཏུ་ཏང་ཨུའི་ཚོགས་འདུ་བརྒྱུད་ཐུན་མོང་གིས་ཞིབ་འཇུག་བྱས་རྗེས།བརྒྱ་ཆའི་ལུགས་ལྟར་སྐར་མ་རྒྱག་པ་དང་།བྱེ་བྲག་གི་བྱེད་ཐབས་དེ་ཞང་དང་གྲོང་བརྡལ་གྱི་ཏང་ཨུས་གཏན་འབེབས་བྱེད་དགོས། ༢སྡེ་བའི་ཏང་ཀྲི་པུའུ་ཡི་ལོའི་དཔྱད་ཞིབ་དེ་སྤྱིར་བཏང་དུ་ལོ་མཇུག་ཏུ་ལག་བསྟར་བྱེད་ཅིང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི“ཟུང་ཞུ་ཟུང་དཔྱད”དམ་སྡེ་བའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་སྟོན་གྲངས་དཔྱད་ཞིབ་བྱེད་པའི་བྱ་བ་དང་མཉམ་དུ་བསྒྲུབ་ཀྱང་ཆོག


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐 金蟾捕鱼下分版 云南十一选五计划预测 玩重庆时时彩怎样稳赚 双色球和大乐透那个容易中奖 全民鱼乐捕鱼破解版 三元起价赚钱吗 梦幻129五开日常赚钱 有谁购买作弊器被骗了 波克捕鱼礼包码 越老越赚钱 比特币暴跌还能回暖吗 广西快乐10分助手 188比分直播篮球比分 冠通棋牌游戏手机版本 欢乐捕鱼人最旧版本 深圳体育彩票投注点