彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་ བཞི་བ།

སྡེ་བའི་ཏང་ཀྲི་པུའུ་ཡི་དཔུང་སྡེ་འཛུགས་སྐྲུན་གྱི་ཚད་གཞི།
༥༢ ཅི་ཞིག་ནི་སྡེ་བའི་ཏང་ཀྲི་པུའུ་ཡིན།
ལན།ཏང་གི་ཞིང་སྡེའི་རྨང་གཞིའི་རྩ་འཛུགས་ཏེ།ཏང་གི་ཞིང་སྡེའི་བྱ་བ་ཡོད་ཚད་དང་འཐབ་རྩོད་ནུས་ཤུགས་ཀྱི་རྨང་གཞི་ཡིན་པ་མ་ཟད། སྡེ་བའི་རྩ་འཛུགས་སོ་སོ་དང་བྱ་བ་ཁག་སོ་སོའི་འགོ་ཁྲིད་ཀྱི་སྲོག་ཤིང་ཡིན།
༥༣ སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམ་བསྐོ་བྱེད་པར་འདང་དགོས་པའི་གཞི་རྩའི་ཆ་རྐྱེན་ནི་གང་ཡིན།
ལན།སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནི་ཆབ་སྲིད་བྱང་ཚད་མཐོ་ཞིང་ཀུན་སྤྱོད་བཟང་བ།ཕྱུག་འགྱུར་སྣེ་ཁྲིད་དང་སྙོམས་སྒྲིག་གི་ནུས་སྟོབས་ཆེ་བ། མང་ཚོགས་ལ་ཞབས་ཞུ་བསྒྲུབ་འདོད་ཡོད་པའི་ཕུལ་བྱུང་ཏང་ཡོན་འདེམས་བསྐོ་བྱེད་དགོས། དབུལ་ཕོངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ནི་དཀའ་ཁག་ལ་གདོང་གཏོད་ཐུབ་པ་དང་མང་ཚོགས་ལ་སྣེ་ཁྲིད་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཐུབ་པའི་ཕུལ་བྱུང་ཏང་ཡོན་འདེམས་བསྐོ་བྱེད་དགོས།མི་རིགས་ས་ཁུལ་དུ་ཏང་ལ་བློ་དཀར་ཞིང་།མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ།ལངས་ཕྱོགས་གསལ་ལ་བརྟན་པ་དང་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་བསྐོ་བྱེད་པའི་གལ་ཆེའི་ཚད་གཞིར་འཇོག་དགོས།
༥༤ཅི་ཞིག་ནི་ཧྲུའུ་ཅི་དང་པོ་དེ་ཡིན།
ལན།རིམ་པ་སོ་སོའི་ལས་ཁུངས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་དང་རྗེས་གྲབས་ལས་བྱེད་པ།རྒྱལ་དབང་ཁེ་ལས་དང་ལས་དོན་སྡེ་ཚན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་འདེམས་མངགས་ཀྱིས་སྡེ་བའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་ཏང་ཡོན་ལ་ཟེར་ཞིང་། ཧྲུའུ་ཅི་དང་པོ་དེས་སྡེ་བའི“ཨུ་ཡོན་གཉིས”ཀྱི་འགོ་ཁྲིད་གོ་གནས་ཀྱི་གྲངས་ཀ་མི་འཛིན་ལ། སྐབས་བརྗེའི་འདེམས་བསྐོའི་ཁྲོད་དུའང་མི་ཞུགས།སྡེ་བར་བསྡད་དེ་ལས་དོན་སྒྲུབ་པ་རྒྱུན་འཁྱོངས་དང་ཏང་རྩ་འཛུགས་ཀྱི་འབྲེལ་བ་སྡེ་བར་སྤོ་བ་ལས་ཐོག་མའི་མི་དོན་འབྲེལ་བ། ལས་ཕོགས་དང་ཕན་བདེའི་ཐོབ་ཐང་མི་འགྱུར།
༥༥ ཧྲུའུ་ཅི་དང་པོའི་ལས་འགན་གལ་ཆེན་ནི་གང་ཡིན།
ལན། (༡) ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ། (༢) གཞི་རིམ་རྩ་འཛུགས་སྟོབས་ལྡན་ཅན་དུ་འཛུགས་པ། (༣) གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ།(༤)དམངས་ལ་དོན་དག་སྒྲུབ་ཅིང་ཞབས་ཞུ་བྱེད་པ།(༥)བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ།
༥༦ སློབ་ཆེན་པའི་སྡེ་དཔོན་གྱི་འགན་འཁུར་གཙོ་བོ་ནི་ཅི་ཡིན།
ལན། སློབ་ཆེན་པའི་སྡེ་དཔོན་ནི“སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཆེད་བཙུགས་ལས་གནས” ཀྱི་མི་སྣ་ཡིན་པའི་ངོས་ནས། སྡེ་བར་ཐོན་རྗེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་ལས་རོགས་པའམ་སྡེ་ཨུ་ལྷན་ཁང་ཀྲུའུ་རེན་གྱི་ལས་རོགས་པའི་འགན་འཁུར་བ་དང་།སྲིད་ཇུས་དྲིལ་སྒྲོག་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ།མང་ཚོགས་ལ་འབྲེལ་འཛུགས་ཞབས་ཞུ་བྱེད་པ།ཚན་རྩལ་རིག་གནས་ཁྱབ་བརྡལ་དུ་གཏོང་བ།སྡེ་དོན་དོ་དམ་ཁྲོད་ཞུགས་པ།གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་འགན་འཁུར་ཡོད།
༥༧ སློབ་ཆེན་པའི་སྡེ་དཔོན་གྱི་བྱ་བའི་འོས་འགན་གལ་ཆེན་ནི་གང་ཡིན།
ལན། (༡) སྲིད་ཇུས་དྲིལ་སྒྲོག་ལག་བསྟར་བྱེད་པ།(༢) གནད་འཁེལ་དབུལ་སྐྱོར་ལ་སྐུལ་འདེད་བྱེད་པ། (༣) ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ།(༤)གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏོང་བ།(༥)སྡེ་བ་རིམ་པའི་རྩ་འཛུགས་སྟོབས་ལྡན་ཅན་དུ་འཛུགས་པ།
༥༨ སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པའི་འདེམས་བསྐོའི་བསྡུར་ཚད་ནི་ཅི་ཞིག་ཡིན།
ལན།སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པའི་ཁ་གྲངས་དེ་རྩ་དོན་གྱི་སྟེང་ནས་སྡེ་བའི“ཨུ་ཡོན་གཉིས”ཀྱི་འགོ་ཁྲིད་གོ་གནས་ཀྱི་ཁ་གྲངས་ཀྱི་༡༡གི་བསྡུར་ཚད་ལྟར་གསོ་སྐྱོང་བྱེད་དགོས་པ་དང་།སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡི་རྗེས་གྲབས་མི་སྣ་ནི་གཟབ་ནན་གྱིས་༡:༢ཀྱི་བསྡུར་ཚད་ལས་མི་ཉུང་བའི་སྒོ་ནས་སྡེ་བའི“ཨུ་ཡོན་གཉིས”ཀྱི་ལས་
གཞོན་དང་དྲུང་ཡིགརྩ་འཛུགས་ཀྱི་ལས་བྱེད་པ་དང་ཏང་ནང་གི་ཕུལ་བྱུང་ཏང་ཡོན་གཞན་པའི་ཁྲོད་ནས་གསོ་སྐྱོང་བྱེད་དགོས།
༥༩ སྡེ་བ་རིམ་པའི་རྗེས་གྲབས་ལས་བྱེད་པའི་འདེམས་བསྐོའི་ཚད་གཞི་ལ་གཙོ་བོ་ཕྱོགས་གང་དག་འདུ།
ལན། (༡) ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལ་བརྩི་སྲུང་། ཁྱོན་ཡོངས་འདུ་ཤེས་དང་ལས་དོན་གྱི་སེམས་འདུན། འགན་འཁྲིའི་འདུ་ཤེས་བཅས་ཤུགས་དྲག་ལྡན་པ་མ་ཟད། བློ་དཀར་གཞུང་དྲང་གིས་བྱ་བ་བསྒྲུབ་པ།ཞིང་ལས་ཞིང་སྡེའི་བྱ་བར་དགའ་ཞེན་ཡོད་པ།(༢)རྩ་འཛུགས་མཐུན་སྦྱོར་གྱི་ནུས་པ་ཆེ་བ་དང་མང་ཚོགས་ཀྱི་བྱ་བསྒྲུབ་མཁས་པ། (༣) ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཅུང་དྲག་པོ་ལྡན་པ། (༤) ན་ཚོད་སྤྱིར་བཏང་དུ་ལོ༣༠ཡས་མས་ཡིན་པ།རིག་གནས་ཆུ་ཚད་མཐོ་འབྲིང་གི་ཡན་ཡིན་པ།གྲངས་ཉུང་མི་རིགས་ཀྱི་སྡེ་བ་དང་དབུལ་ཕོངས་སྡེ་བ་རུ་ན་ཚོད་དང་ཡོན་ཚད་ཀྱི་བླང་བྱ་ཇེ་ལྷོད་དུ་བཞག་ཆོག(༥)མང་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་ཚད་མཐོ་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་སྤྱོད་ལམ་ངན་པ་མེད་པ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐 手机电玩城捕鱼 今天湖北30选5开奖结果查询结果 北京十一选五前三遗漏 河南十一选五开奖视频 河南省彩票中心地址 魔力宝贝 防具维修赚钱 网上写的小说怎么能赚钱 31选7的开奖走图 泓樽付真的能赚钱吗 我爱南京麻将技巧 温州模式赚钱 玩pk10 模拟城市我是市长 好卖赚钱 白小姐一码中特玄机图 188比分直播客网 单机金蟾捕鱼