彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

ཀན་ལྷོ་ཁུལ་གྱི་རོང་འབྲོག་སྡེའི་ཏང་ཀྲི་པུའུ་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་བའི་ལས་དོན་ཐད་ཀྱི་ཤེས་བྱ་ཁག་དང་པོ།

ཆབ་སྲིད་འཛུགས་སྐྲུན་གྱི་ཚད་གཞི།
༡ ཅི་ཞིག་ནི་ཆབ་སྲིད་ཀྱི་འཛུགས་སྐྲུན་ཡིན།
ལན།དེ་ནི་ཏང་གིས་རང་ངོས་འཛུགས་སྐྲུན་གྱི་ཆེད་དུ་ཆབ་སྲིད་ཀྱི་ཐད་ནས་སྒྲུབ་པའི་བྱ་བ་སྟེ།ཏང་གི་གཞི་རྩའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་ལ།དེས་ཏང་གི་འཛུགས་སྐྲུན་གྱི་ཁ་ཕྱོགས་དང་ཕན་ནུས་གཏན་འཁེལ་བྱེད།
༢ ཅི་ཞིག་ནི་བསམ་བློའི་འཛུགས་སྐྲུན་ཡིན །
ལན།དེ་ནི་ཏང་གིས་རང་ཉིད་ཀྱི་གསར་སྐྲུན་ནུས་པ་དང་ཆིག་སྒྲིལ་ནུས་པ།འཐབ་རྩོད་ཀྱི་ནུས་པ་བཅས་རྒྱུན་འཁྱོངས་བྱས་ནས་བསམ་བློའི་གཞུང་ལུགས་ཀྱི་ཕྱོགས་ལ་བྱ་བ་རབ་དང་རིམ་པ་ཞིག་སྒྲུབ་པ་དེ་ཡིན་ལ།ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ཡང་ཡིན།
༣ རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི་ནི་གང་དག་ཡིན།
ལན། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་མི་དམངས་ལྟེ་བ་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས།གཞུང་ལུགས་གསར་བ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས། མི་དམངས་རང་ཁྱིམ་རང་བདག་བྱེད་པ་རྒྱུན་འཁྱོངས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་མ་ལག་རྒྱུན་འཁྱོངས།འཕེལ་རྒྱས་ཁྲོད་འགན་སྲུང་དང་དམངས་འཚོ་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས།མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས།རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས། མིའི་རིགས་ ཀྱི་གཅིག་མཐུན་གྱི་ལས་དབང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་བཅས་སོ།།
༤ ཕྱོགས་ལྔ་གཞི་གཅིག་ནི་གང་དག་ཡིན།
ལན། དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་སོ།།
༥ ཁྱོན་ཡོངས་བཞི་ནི་གང་དག་ཡིན།
ལན།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ། ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་བཅས་སོ།།
༦ འདུ་ཤེས་བཞི་ནི་གང་དག་ཡིན།
ལན། ཆབ་སྲིད་ཀྱི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་སོ།།
༧ རང་རྟོན་བཞི་ནི་གང་དག་ཡིན།
ལན། བགྲོད་ལམ་རང་རྟོན། གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན།
༨ ཚད་ལོན་པ་བཞི་ནི་གང་དག་ཡིན།
ལན། ཆབ་སྲིད་ཀྱི་ཚད་ལོན་པ། སྒྲིག་ལམ་ལག་བསྟར་བྱེད་པ་ཚད་ལོན་པ། ཀུན་སྤྱོད་ཀྱི་ཚད་ལོན་པ། ནུས་པ་འདོན་སྤེལ་བྱེད་པ་ཚད་ལོན་པ།
༩ བསླབ་པ་གཉིས་དང་བྱེད་པ་གཅིག
ལན།ཏང་གི་སྒྲིག་ལམ་དང་སྒྲིག་སྲོལ་བསླབ་པ།གསུང་བཤད་རབ་དང་རིམ་པ་བསླབ་པ།ཏང་ཡོན་ཚད་ལྡན་ཞིག་བྱེད་པ་བཅས་སོ།།
༡༠ དང་དོད་བཞི་དང་ཡོད་པ་བཞི་ནི་གང་དག་ཡིན།
ལན།ཆབ་སྲིད་ལ་དང་དོད་དང་དད་འདུན་ཡོད་པ།སྒྲིག་སྲོལ་དང་དོད་དང་སྒྲིག་ལམ་ཡོད་པ།ཀུན་སྤྱོད་ལ་དང་དོད་དང་སྤྱོད་ལམ་ཡོད་པ། བློས་གཏོང་ལ་དང་དོད་དང་བྱེད་ལས་ཡོད་པ།
༡༡ དང་ལེན་བཞི་ནི་གང་དག་ཡིན།
ལན།ཏང་ཡོན་མི་སྒེར་གྱིས་ཏང་གི་རྩ་འཛུགས་དང་ལེན་བྱེད་པ།མང་ཁ་ཉུང་ལེན་བྱེད་པ།རིམ་པ་འོག་མའི་རྩ་འཛུགས་ཀྱིས་རིམ་པ་གོང་མའི་རྩ་འཛུགས་དང་ལེན་བྱེད་པ།ཏང་ཡོངས་ཀྱི་རྩ་འཛུགས་སོ་སོ་དང་ཏང་ཡོན་ཚང་མས་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ལེན་བྱེད་པ་བཅས་སོ།།
༡༢ གསལ་བོ་བྱེད་པ་བརྒྱད་ནི་གང་དག་ཡིན།
ལན།(༡)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་སྤྱིའི་འགན་འཁྲི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་རྨང་གཞིའི་སྟེང་།གོམ་པ་རིམ་གཉིས་སྤོས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སྟོབས་འབྱོར་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་གྲུབ་བྱེད་རྒྱུ་དེ་ཡིན་པ་གསལ་བོ་བྱེད་པ།(༢)དུས་རབས་གསར་བའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བའི་བདེ་སྐྱིད་འཚོ་བའི་དགོས་མཁོ་དང་དོ་མཉམ་འཐུས་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་དེ་ཡིན་པ་གསལ་བོ་བྱས་ཏེ།མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་མུ་མཐུད་དུ་མིའི་ཁྱོན་ཡོངས་འཕེལ་རྒྱས་དང་།མི་དམངས་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།(༣)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་སྤྱིའི་སྒྲིག་བཀོད་ནི“ཕྱོགས་ལྔ་གཞི་གཅིག”དང་འཐབ་ཇུས་ཀྱི་སྒྲིག་བཀོད་ནི“ཁྱོན་ཡོངས་བཞི”ཡིན་པ་གསལ་བོ་བྱས་ནས་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན།ལམ་ལུགས་རང་རྟོན།རིག་གནས་རང་རྟོན་བཅས་སྲ་བརྟན་དུ་གཏོང་དགོས་པ་ནན་བཤད་བྱ་དགོས།(༤)ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་བྱེད་པའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ་དང་།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ཡིན་པ་གསལ་བོ་བྱེད་པ།།(༥)རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་པ་གསལ་བོ་བྱེད་པ།(༦)དུས་རབས་གསར་བའི་དམག་སྟོབས་དམིགས་འབེན་ནི་ཏང་གི་བཀོད་འདོམས་ལ་ཉན་ཞིང་གཡུལ་ལས་རྒྱལ་ཐུབ་པ།སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཡིན་པ་དང་།མི་དམངས་དམག་དཔུང་དེ་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲས་སུ་འཛུགས་གྲུབ་བྱེད་རྒྱུ་ཡིན་པ་གསལ་བོ་བྱེད་པ།(༧)ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེ་གྲས་ཀྱི་ཕྱི་འབྲེལ་གྱིས་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་གསར་འཛུགས་བྱེད་པ་དང་།མིའི་རིགས་ཀྱི་ལས་དབང་གི་གཅིག་མཐུན་འདུས་གྲུབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་གསལ་བོ་བྱེད་པ།(༨)ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པ་དེ་ཡིན་ལ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆེས་ཆེའི་ལེགས་ཆའང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བྱས་པ་དེ་ཡིན་ཞིང་།ཏང་ནི་ཆེས་མཐོའི་ཆབ་སྲིད་ཀྱི་འགོ་ ཁྲིད་སྟོབས་ཤུགས་ཡིན་པའི་ངོས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བཏོན་ཞིང་།ཆབ་སྲིད་འཛུགས་སྐྲུན་གྱིས་ཏང་གི་འཛུགས་སྐྲུན་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་གསལ་བོ་བྱེད་པ་བཅས་སོ།།
༡༣ ཅི་ཞིག་ནི་སྡེ་བའི་ཏང་ཀྲི་པུའུ་རྩ་འཛུགས་ཀྱི་སྟོབས་ཤུགས་ཡིན།
ལན།གཞི་རིམ་ཏང་རྩ་འཛུགས་ཀྱིས་རང་སྟེང་གི་རྩ་འཛུགས་མ་ལག་དང་རྩ་འཛུགས་ཐོན་ཁུངས་བེད་སྤྱད་ནས་སྤྱི་ཚོགས་ལ་སྣེ་ཁྲིད་དང་བསྡུ་སྒྲིལ། སྐུལ་སློང་བྱེད་པའི་ནུས་པ་དེ་ཡིན།
༡༤ སྡེ་བའི་ཏང་ཀྲི་པུའུ་རྩ་འཛུགས་ནུས་ཤུགས་གོང་འཕེལ་གཏོང་བར་གལ་ཆེའི་འགན་འཁུར་གཙོ་བོ་གང་དག་ཡོད།
ལན། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་གོང་འཕེལ་གཏོང་བ་དང་རྩ་འཛུགས་ཀྱི་ཁྱབ་རྒྱའི་ནུས་ཤུགས་གོང་འཕེལ་གཏོང་བ། མང་ཚོགས་ཀྱི་ཆིག་སྒྲིལ་ནུས་ཤུགས་གོང་འཕེལ་གཏོང་བ། སྤྱི་ཚོགས་ཀྱི་འབོད་སྐུལ་བྱེད་ཤུགས་གོང་འཕེལ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གོང་འཕེལ་གཏོང་བ། རང་ངོས་ཀྱི་གསར་བརྗེའི་ནུས་ཤུགས་གོང་འཕེལ་གཏོང་བ་བཅས་སོ།།
༡༥སྡེ་བའི་ཏང་ཀྲི་པུའུ་ཡིས་ཏང་གི་འཛུགས་སྐྲུན་དམ་འཛིན་དང་དབུལ་ཐར་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་གང་དག་ཡོད།
ལན།༡དབུལ་ཐར་འགག་སྒྲོལ་གྱི་བཙན་རྫོང་བརྟན་པོར་བཟོ་བ།༢དབུལ་ཐར་འགག་སྒྲོལ་གྱི་རྐང་འཛིན་དཔུང་སྡེ་སྟོབས་ཆེར་འཛུགས་སྐྲུན་བྱེད་པ།༣དབུལ་ཐར་འགག་སྒྲོལ་གྱི་ཕྱོགས་སོ་སོའི་སྟོབས་ཤུགས་ཆིག་སྒྲིལ་བྱེད་པ།(༡)ཧྲུའུ་ཅི་དང་པོ་ཡི་ནུས་པ་ཧུར་ཐག་གིས་འདོན་སྤེལ་བྱེད་པ།(༢) དབུལ་ཐར་སྲ་བརྟན་གྱི་སྟོབས་ཤུགས་གསུམ་བསྡུ་སྒྲིལ་བྱེད་པ། (༣) སྤྱི་ཚོགས་ཀྱི་འགག་སྒྲོལ་གྱི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པ།(༤)དབུལ་ཐར་འགག་སྒྲོལ་གྱི་གཞི་རིམ་རྨང་གཞི་སྲ་བརྟན་གཏོང་བ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐 微信赚钱机会是不是骗人的 货站的赚钱模式 如意彩首页 同城麻将有作弊软件吗 网上棋牌真的假的 it接私活赚钱吗 仪征手机真人麻将 中国福利开奖直播 四川快乐12手机版软件 沙巴按摩店赚钱吗 同城游美女捕鱼技巧 模板工厂赚钱吗 期货交易资金管理策略pdf 陕西11选5走势图软件 趣头条怎样最赚钱 微信现金麻将郑州