彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་ནས་ཚོགས་འགོ་བརྩམས།

說明: http://img.qhtb.cn/material/news/img/640x/2019/03/20190304093347HP3B.jpg?NWoY

ཚེས་གསུམ་ཉིན་གྱི་ཕྱི་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།

說明: http://img.qhtb.cn/material/news/img/640x/2019/03/20190304093502fR6i.jpg?RGO9

ཚེས་གསུམ་ཉིན་གྱི་ཕྱི་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།འདི་ནི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེག་བུའི་སྟེང་བཞུགས་ཡོད་པའི་ཚུལ་རེད།

說明: http://img.qhtb.cn/material/news/img/640x/2019/03/20190304093704DGGl.jpg?K88p

      ཚེས་གསུམ་ཉིན་གྱི་ཕྱི་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས།འདི་ནི་རྒྱལ་ཡོངས་སྲིད་ གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བཞིན་པའི་ཚུལ་རེད།

   ལྟ་ཚུལ་གཅིག་ཏུ་བསྡུས་ནས་དུས་རབས་ཀྱི་ངོ་མཚར་ལེའུ་རྩོམ།རྒྱལ་དོན་ལ་མཉམ་གྲོས་བྱས་ཏེ་བརྗིད་ཆགས་བསྐྱར་དར་གྱི་འཆར་གཞི་འགོད།ཀྲུང་གོ་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས་གསུམ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ འཚོགས།དེ་རིང་ནས་བཟུང་ཉིན་བཅུའི་རིང་ལ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཉིས་སྟོང་ལྷག་གིས་ནན་ཏན་གྱིས་ འགན་ནུས་ལག་བསྟར་བྱེད་པ་དང་ཁྱབ་རྒྱ་ཆེ་བའི་སེམས་ཤུགས་གཅིག་ཏུ་སྒྲིལ་བ།འོས་འགན་ཁག་ཁུར་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ།ཁྱོན་ཡོངས་ནས་འབྱོར་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཐད་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་རྒྱུ་རེད།

སྤྱི་ཟླ་གསུམ་པའི་པེ་ཅིན་ལ་དཔྱིད་ཉམས་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད་ལ།མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་དུ་གློག་འོད་ཀྱིས་རྣམ་པར་བརྒྱན་ཡོད་པ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་དང་བརྗིད་ཉམས་ཀྱིས་ཁེངས་ཡོད།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྟེག་བུའི་དཀྱིལ་དུ་བཀལ་ཡོད་ པ་དང་དམར་མདངས་བཀྲ་བའི་དར་དམར་བཅུ་ཡིས་དེའི་ལོག་གཉིས་སུ་བརྒྱན་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི། ལིག་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅིན་ཧྭ། ཝན་ཀང་། ཧི་ཧིག་ཧྭ། ལོའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མཱ་པའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལི་པེན། པ་ཐར། ཝང་ཡོང་ཆིན། ཧི་ལི་ཧྥིན། ལུའུ་ཧོས། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིག་ཞིན་ཁྲིན། ཧི་ཝེ། ཀྲའོ་ཧོང་། ཀོ་ཡོན་ལུང་བཅས་ཀྲུའུ་ཞི་སྟེག་བུའི་མདུན་གྲལ་དུ་བསྡད་ཡོད།ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལི་ཁི་ཆང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེག་བུའི་སྟེང་བཞུགས་ཡོད་པ་དང་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

 རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་བརྒྱ་དང་ང་བདུན་ཡོད་ལ།དངོས་སུ་གྲོས་ཚོགས་སུ་འབྱོར་བའི་ཨུ་ཡོན་སྟོང་གཉིས་བརྒྱ་དང་སོ་གསུམ་ཡོད་པས་བཅའ་ཁྲིམས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན།ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་དུ་ཀྲང་ཆིན་ལིས་ཀྱིས་ཚོགས་ཆེན་འགོ་བརྩམས་པ་ཁྱབ་སྒྲོག་བྱས་པ་དང་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།ཚོགས་ཐོག་ནས་ཐོག་མར་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

 ཝང་དབྱང་གིས་བྱ་བ་གཙོ་བོ་གསུམ་དང་ཕྱོགས་བདུན་ཐད་ནས་འདས་པའི་ལོ་གཅིག་རིང་གི་མི་དམངས་སྲིད་གྲོས་བྱ་བར་སྤྱི་སྡོམ་བྱས།ཁོང་གིས་གསུང་རྒྱུར།2018ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་རྩོམ་པའི་ལོ་ཡིན་ལ།རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་བྱ་བ་འགོ་རྩོམ་པའི་ལོ་ཡང་ཡིན།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོགསྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་པ་དང་།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་སྙིང་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ལ། རྒྱུན་འཛིན་དང་གསར་གཏོད་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས།བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་སྟེང་ཤུགས་བཏོན་པ་དང་།ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་བྱ་བའི་ཐད་ཀྱི་བླང་བྱ་ལག་བསྟར་བྱེད་པ་དང་།རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་བའི་མི་དམངས་སྲིད་གྲོས་ཀྱི་སྣང་བརྙན་གསར་བ་འགྲེམ་སྟོན་བྱས་ཟེར།

ཝང་དབྱང་གིས་བསྟན་དོན།2019ལོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་ལ།མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡང་ཡིན།མི་དམངས་སྲིད་གྲོས་བྱ་བའི་སྤྱི་ཁོག་གི་བླང་བྱ་ནི།ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ།རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ།འགན་འཁྲི་ལས་འགན་ལ་དམ་དུ་དམིགས་པ།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ།གཅིག་གྱུར་སྒོས་གནས་ལྔ་གཞི་གཅིག་གི་སྤྱི་ཁོག་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་སྤེལ་བར་དམིགས་ནས།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་མཁྲེགས་གཏོར་ཆེན་པོའི་བྱ་བ་བཟང་བོར་བསྒྲུབ་པ་སོགས་ཀྱི་ལས་འགན་གཙོ་བོར་དོ་སྣང་བྱེད་པ་དང་།ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་གི་འགན་ནུས་ལག་བསྟར་ནན་མོ་བྱེད་པ།བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྒྲིལ་བའི་ཐད་ཤུགས་འདོན་པའི་བྱ་བའི་སྤུས་ཚད་མཐོར་འདེགས་བཏང་སྟེ།གྲུབ་འབྲས་བཟང་བོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་དེ་ཡིན་ཟེར།

ཝང་དབྱང་གིས་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་བྱེད་པའི་སྤྱིའི་རྩ་འཛིན་བྱས་ཏེ།སློབ་སྦྱོང་བརྩི་མཐོང་དང་སློབ་སྦྱོང་ལ་ཤུགས་སྣོན་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་རྒྱུ་དེ་གཙོར་བཟུང་སྟེ་མུ་མཐུད་དུ་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་དགོས།མི་དམངས་སྲིད་གྲོས་ལམ་ལུགས་སྔར་ལས་འཐུས་ཚང་དང་གཏན་འཁེལ་གསལ་བོ་བྱེད་པ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ་དང་།དུས་རབས་གསར་བའི་ཁ་ཕྱོགས་གསར་བ་དང་ འགན་འཁྲི་གསར་བ་ཡིན་པའི་ཆ་ནས་གསར་སྐྲུན་ལ་བརྩི་མཐོང་བྱེད་པ་དང་སྤོབས་པ་ཆེན་པོས་གསར་སྐྲུན་བྱེད་དགོས་ལ།རིགས་གཞུང་ཞིབ་འཇུག་ལ་ཤུགས་སྣོན་ཞིང་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།ལག་ལེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།བསམ་བློ་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་རྒྱ་ཆེར་བྱེད་པར་ཤུགས་སྣོན་པ་དེ་མི་དམངས་སྲིད་གྲོས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་བྱ་བའི་དཀྱིལ་སྙིང་དུ་བཟུང་སྟེ། མཐུན་སྒྲིལ་ལ་བརྩི་མཐོང་དང་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་།བརྩོན་སེམས་ཀྱི་རྒྱུ་རྐྱེན་ཡོད་ཚད་ལ་སྐུལ་སློང་བྱས་ ནས་སེམས་ཤུགས་གཅིག་སྒྲིལ་དང་བསྐྱར་དར་ལས་དོན་ཆེན་པོ་མཉམ་སྐྲུན་བྱེད་དགོས་ཟེར།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར།སུའུ་ཧོས་ཀྱིས་ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་ཡར་ཞུ་བྱས།སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན་ལ།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་ སྲིད་གྲོས་ཀྱི་ཞུགས་པའི་ལས་ཁུངས་སོ་སོ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་ལས་འགན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དམངས་ཚིས་གནད་དོན་ལ་དམིགས་པ་དང་ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་པར་དམིགས་ཏེ།ཚོགས་ཆེན་ལ་གྲོས་གཞི་སྟོང་ལྔ་དང་སུམ་བརྒྱ་དྲུག་ཅུ་སྤྲད་པ་དང་གྲོས་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་གྲོས་གཞི་སྒྲུབ་པའི་སྤུས་ཚད་ཇེ་མཐོར་གཏོང་བའི་རེ་བ་ལྟར།བསྡོམས་པས་གྲོས་གཞི་སྟོང་བཞི་དང་ལྔ་བརྒྱ་རེ་བདུན་ཐོ་འགོད་བྱས་ཏེ་སྒྲུབ་འགན་འཁུར་བའི་ལས་ཁུངས་བརྒྱ་དང་རེ་ལྔ་ལ་ཐག་གཅོད་བྱེད་པར་སྤྲད།ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་བར་གྲོས་གཞིའི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་གཉིས་ཐག་བཅད། ཕྱོགས་སོ་སོས་འབད་བརྩོན་བྱས་པ་བརྒྱུད།གྲོས་གཞིའི་མཇུག་འབྲས་བཀོལ་སྤྱོད་དང་ལག་བསྟར་བཟང་བོ་བྱས་པ་དང་ཞབས་ཕྱིའི་འཐབ་ཇུས་དང་བྱ་བར་སྐུལ་འདེད་གཏོང་བར་ནུས་པ་ཆེན་པོ་བཏོན།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་འགོ་ཁྲིད་བློ་མཐུན་ད་དུང་ཏིང་ཞའོ་ཞང་དང་ཝང་ཁྲིན། ལིག་ཧི། ཞུའུ་ཆི་ལེང་། སུང་ཁྲུན་ལན། ལི་ཞི། ལིས་ཆང་། ལིས་ཧོང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡོའུ་ཞ། ཁྲིན་ཞི། ཁྲིན་ཆོན་གའོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གའོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡོའུ་ཆོན། ཚའོ་ཅན་མེན། ཀྲུང་ཁྲུན་ཞན། ཧྲིན་ཡུའེ་ཡུའེ། ཅི་པེན་ཞོན། ཨེ་ལིས་ཀུན.དབྱི་མེན་པཱ་ཧའེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏིང་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏཱ་ཧྥུན། ཝུའུ་ཝེ་ཧྭ། ཝེ་ཧྥུན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི ཀྲིག་ཆང་། ཀྲང་ཅུན་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་འདྲེན་ཞུ་བ་ལྟར་འགོ་རྩོམ་གྲོས་ཚོགས་ལ་ཟུར་ ཞུགས་བྱས་པ་དང་།རྒྱལ་ཁབ་སོ་སོའི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་དང་གསར་འགྱུར་དཔོན་པོ།ཕྱིར་སྡོད་རང་མི་སོགས་གདན་ཞུ་ལྟར་ཚོགས་ཆེན་འགོ་རྩོམ་པའི་གྲོས་ཚོགས་ལ་ཞུགས།

 

 


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐