彩票论坛推荐
今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་《ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་ གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་པ།

      ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་2019ལོ་ནི“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ”ཡིན་ཞེས་ཁ་གསལ་བཏོན་ཡོད། ཚེས11ཉིན་ཀྲུང་དབྱང་གཞུང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ན་ནིང་ལོ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔྱད་གཞིའི་ཡིག་ཆ་ཞིག་གི་ཐོག་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་2019ལོར་གཞི་རིམ་ལ་དཀའ་ངལ་བཟོ་བའི་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཁག་གཅིག་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས《བརྡ་ཐོའི》ནང་2019ལོ་ནི“གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ”ཡིན་ཞེས་ཁ་གསལ་བཏོན་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སེམས་གཞི་རིམ་ལ་འཆང་བ་དང་ལས་བྱེད་པར་ཐུགས་ཁུར་གནང་བའི་བརྩེ་བ་ཟབ་མོ་གང་ལེགས་མཚོན་ཡོད་ལ་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོའང་མཚོན་ཡོད་པས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་རྒྱ་ཆེའི་ལས་བྱེད་པའི་དམ་པ་དོན་གཉེར་གྱི་འགན་འཁུར་ལས་སྒྲུབ་ལ་སྐུལ་ལྕག་གཏོང་བའི་སྟོན་ཕྱོགས་ཤིག་བཏོད་ཡོད། 
     《བརྡ་ཐོའི》ནང་ནན་སྐྱོང་དང་བྱམས་སྐྱོང་གཉིས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྔར་བས་བཀོད་སྒྲིག་བྱས་ཡོད་པས།རྒྱ་ཆེའི་ལས་བྱེད་པས་དམ་པ་དོན་གཉེར་ལ་བརྩི་མཐོང་དང་འགན་འཁུར་ལས་སྒྲུབ་བྱེད་པར་དེ་བས་སྐུལ་ལྕག་ཐེབས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བར་དགེ་མཚན་ལྡན་ཡོད་ཅེས་བཤད།
     《བརྡ་ཐོའི》ནང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུར་དམིགས་པ་དང“ཤུགས་སྣོན་རྒྱག་དགོས་པ་བཞིར”དམ་པོར་དམིགས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་བསམ་བློའི་སློབ་གསོར་ཤུགས་སྣོན་དང་། ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ་བཅོས་སྒྲིག ལྟ་བཤེར་ཞིབ་བཤེར་དཔྱད་ཞིབ་མང་དྲགས་པ་དང་ཚད་ལས་ འདས་པའི་སྣང་ཚུལ་ལ་འགྱུར་ལྡོག འགན་འཁྲི་བདའ་འདེད་ལམ་ལུགས་དང་སྐུལ་ལྕག་དང་སེམས་ཁུར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་གོ་ཆོད་པའི་བྱ་ཐབས་བཏོན་ཡོད།མིག་སྔར་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པའི་གནད་དོན་བསྐྱར་དུ་ཐོན་པར་དམིགས་ཏེ། 《བརྡ་ཐོའི》ནང་དེའི་ཐད་བྱ་ཐབས་ཏིག་ཏིག་ཁག་གཅིག་བཏོན་ཡོད་དེ།གཅིག་ནས་ཡིག་ཆ་དང་ཚོགས་འདུ་རིམ་པ་བཞིན་ཁུ་བསྡུ་ཤུགས་ཆེན་བྱ་རྒྱུ་དང་།གཉིས་ནས་ཀྲུང་དབྱང་ནས་བཀྲམ་པའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་རྩ་དོན་ཐོག་ཤོག་ལྷེ་10ལས་མང་མི་རུང་ལ།ས་གནས་དང་སྡེ་ཚན་གྱིས་ཀྱང་དེ་གཞིར་བཟུང་ཚོད་འཛིན་ནན་པོ་བྱེད་དགོས་ལུགས་ཁ་གསལ་བཏོན་པ།གསུམ་ནས་ས་གནས་ཀྱི་རིམ་ཁག་དང་གཞི་རིམ་ཚན་པས་ཀྲུང་དབྱང་དང་གོང་རིམ་གྱི་ཡིག་ཆ་ལག་བསྟར་དོན་འཁྱོལ་བྱེད་སྐབས་དོན་དངོས་གཞིར་བཟུང་གོ་ཆོད་པའི་བྱ་ཐབས་བཟོ་དགོས་པ་དང་།གཏན་འབེབས་ཁ་གསལ་ཡོད་པ་ཕུད་ལག་བསྟར་དོན་འཁྱོལ་བསམ་འཆར་དང་ལག་བསྟར་ཞིབ་སྲོལ་བསྐྱར་དུ་བཟོ་མི་དགོས་པ།བཞི་ནས་ཚོགས་འདུ་ཉུང་ཙམ་འཚོགས་པ་དང་།ཚོགས་འདུ་བསྡུས་ཙམ་འཚོགས་པ།གོ་ཆོད་པའི་ཚོགས་འདུ་འཚོགས་པ་བཅས་བྱེད་པ་ལས་རིམ་པ་བཞིན་ཚོགས་འདུ་འཚོགས་ཏེ་གཏན་འབེབས་བཟོ་སྟངས་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་ཡོད།
     《བརྡ་ཐོའི》ནང་ལྟ་བཤེར་ཞིབ་བཤེར་དང་དཔྱད་ཞིབ་མང་དྲགས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ཐད་གྲུབ་འབྲས་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་སྟེ་བྱེད་སྟངས་རེངས་པོ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད། ས་གནས་དང་སྡེ་ཚན་ཁག་གཅིག་གིས“འགན་འཁྲི་ཕར་ཚུར་དཀྲི་བ”དང་། འགན་འཁྲི་བདའ་འདེད་གཏོང་རྒྱུ་དེ་འགན་ཁག་གཞན་ལ་དཀྲི་བའི་ཐབས་ཤེས་ལ་བརྩི་བར་དམིགས་ཏེ། 《བརྡ་ཐོའི》ནང“སྤ་སེ་གཅིག་གིས་ཁྲུ་སློག་པའི”དོན་གནད་ཚོད་འཛིན་ནན་པོ་བྱེད་པ་ལས་བྱུང་མ་བྱུང་ལ“འགན་འཁྲིའི་ཡི་གེ”འབྲི་རུ་འཇུག་མི་ཆོག་པའི་བླང་བྱ་བཏོན་ཡོད། 《བརྡ་ཐོའི》ནང་ད་དུང་གྲོང་ཁྱེར་གྱི་དཔྱད་འདེམས་དཔྱད་བསྡུར་གཟེངས་བསྟོད་དང་འབྲེལ་བའི་གསར་གཏོད་བྱེད་སྒོ་སྣ་ཚོགས་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ་ལྟ་བཤེར་ཞིབ་བཤེར་དཔྱད་ཞིབ་དང་བརྟག་ཞིབ་བྱེད་སྒོ་སྣ་ཚོགས་ལེགས་སུ་གཏོང་དགོས་པ་ལས་གཞི་རིམ་གྱི་རྒྱུན་གཏན་ལས་ཀར་ཅ་སུན་པོ་བཟོ་མི་རུང་བའི་བླང་བྱ་བཏོན་ཡོད།
གཞན་ཡང་། 《བརྡ་ཐོའི》ནང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ཐད་བཀོད་སྒྲིག་བྱས་ཤིང་།ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཀྲུང་དབྱང་གཞུང་དོན་ཐིང་གིས་སྣེ་འཁྲིད་པའི་ཆེད་དོན་ལས་ཀའི་ལམ་སྲོལ་འཛུགས་རྒྱུ་ཡིན་པ་དང་།ས་ཁུལ་ཁག་གི་ཏང་ཨུད་གཞུང་དོན་ཐིང་གིས་ཏང་ཨུད་ཀྱི་འགོ་ཁྲིད་འོག་དོན་འཁྱོལ་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་དགོས་ཞེས་བཏོན་ཡོད།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐