彩票论坛推荐
今天是:

གནད་མཐོང་ཆེ་ཤོས།

རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

མདུན་ཤོག > གནད་མཐོང་ཆེ་ཤོས། > རྒྱལ་ཡོངས་གནད་མཐོང་ཆེ་ཤོས།

༄༅།།དབུལ་སྒྲོལ་འགག་སྒྲོལ་དང་སྦགས་བཙོག་འགོག་བཅོས་སོགས་གཙོ་གནད་ལས་ཀར་དམིགས་ནས་གྲོས་འདོན་ སྲིད་སྐྱོང་ཧུར་ཐག་བྱས་པ།

     ཟླ་3ཚེས་2ཉིན་འཚོགས་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀོའོ་ཝུའེ་མིན་གྱིས་ད་ཐེངས་ཚོགས་ཆེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། ཀྲུང་ཕྱིའི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།
    ཀོའོ་ཝུའེ་མིན་གྱིས།རྒྱལ་ཡོངས་སྲིད་གྲོས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་གནད་དོན་ཐག་གཅོད་ལ་དམིགས་ནས་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་།ཚོགས་འདུ་མ་འཚོགས་གོང་ཀྲུའུ་ཞི་གཞོན་པ་དྲུག་གིས་སོ་སོར་རུ་སྣེ་ཁྲིད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་4ཞུགས་ནས་དུས་ཡུན་ཟླ་བ་གཉིས་རིང་ཞིང་ཆེན་དང་རང་སྐྱོང་ལྗོངས་6གི་རྫོང་དབུལ་པོ་34རུ་བསྐྱོད་ནས་ཆ་དངོས་ཀྱི་རྟོག་ཞིབ་གནང་བ་རེད་ཅེས་གསུངས།
    ཀོའོ་ཝུའེ་མིན་གྱིས་གསུངས་དོན།འདས་པའི་ལོ་གཅིག་རིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་གྲོས་གཞི་ཁག་233བཏོན་པ་དེ་དག་མིག་སྔར་གཞི་རྩའི་ཆ་ནས་སྒྲུབ་ལན་བསློགས་ཟིན་པ་དང་བསམ་འཆར་དང་གྲོས་འགོ་མང་པོར་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་དང་ལེན་བྱས་ཡོད་པས།དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་ཡོད།མིག་སྔར་དབུལ་སྒྲོལ་འགག་སྒྲོལ་ཐད་ད་དུང་ཤིན་དུ་དབུལ་བའི་ས་ཁུལ་དུ་དབུལ་པོ་ལས་སྒྲོལ་དཀའ་བ་དང་དབུལ་སྒྲོལ་བརྟན་གཏོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་ཞན་ཆའི་ལྷུ་ཚིགས་གནས་ཡོད་པས།འདི་ལོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལས་དོན་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཐབས་དང་ནུས་ཤུགས་འདོན་གྱི་རེད།
    སྦགས་བཙོག་འགོག་བཅོས་སྐོར་གླེང་སྐབས་ཀོའོ་ཝུའེ་མིན་གྱིས།ཨུ་ཡོན་རྣམས་ཀྱིས་ཁོར་ཡུག་བཅོས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་འགལ་ཟླ་མིན་པར་ཁོར་ཡུག་བཅོས་སྐྱོང་བྱས་པ་ལས་དེ་བས་སྐྱོན་བྲལ་དང་འདྲ་མཉམ་གྱི་འཕེལ་རྒྱས་ཁོར་ཡུག་གཏོད་བ་དང་ཐོན་ལས་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་དང་དཔལ་འབྱོར་འཕེལ་རྒྱས་ལེགས་པོ་གཏོང་བར་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས།ཀོའོ་ཝུའེ་མིན་གྱིས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དང་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།འཐབ་ས་བཟུང་བ་དང་།གྲུབ་འབྲས་བརྟན་གཏོང་།ཨམ་གཙིགས་སྡོམ་པ།ལ་བརྒྱབ་ཀླུང་བརྒལ་བཅས་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ དམག་འཐབ་མཐའ་གཅིག་ཏུ་རྒྱག་གི་ཡིན་ཞེས་གསུངས།
   སྤྱི་ཚོགས་སུ་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནད་དོན་སྐོར་ལ་ཀོའོ་ཝུའེ་མིན་གྱིས་གསུངས་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་པ་དང་། དྲ་རྒྱའི་སྲིད་གླེང་དང་རྒྱང་ཁྲིད་གྲོས་མོལ་སྒྲིག་འཛུགས།ཆེད་དོན་རྟོག་ཞིབ་སོགས་བྱ་ཐབས་ལ་བརྟེན་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་མང་དག་བཏོན་ཡོད།དམངས་གཉེར་ཁེ་ལས་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བྱ་ཐབས་བཟང་པོ་རིམ་བཞིན་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཀྲུང་དབྱང་གིས་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་མྱོང་ཚོར་ཏན་ཏིག་བྱུང་བ་དང་།ས་གནས་ཁག་དང་སྡེ་ཚན་ ཁག་གིས་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་ཁག་དངོས་འབྲེལ་དོན་འཁྱོལ་ཞིབ་ཕྲ་སྔར་བས་ཡོང་རེ་བྱེད་ཀྱི་ཡོད། སྲིད་ཇུས་ཀྱི་རྒྱབ་སྐྱོར་དམིགས་སར་འབྱོར་བ་དང་ཚོང་གཉེར་ཡག་པོ་བྱས་ཚེ།དམངས་གཉེར་ཁེ་ལས་ལ་འཕེལ་རྒྱས་ཀྱི་མདུན་ལམ་བཟང་པོ་ཡོང་བའི་ཡིད་ཆེས་ཡོད།
     སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ཀྱི་གནད་དོན་ཐད་ཀོའོ་ཝུའེ་མིན་གྱིས་ངོ་སྤྲོད་གནང་དོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས“གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་དང་གོ་ཆོད་སྨན་པའི་
དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ”སོགས་བརྗོད་དོན་ལ་རྒྱུས་ལོན་རྟོག་ཞིབ་དང་ཁ་གཏད་གྲོས་མོལ་བྱས་པ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེར་གྲོས་བསྡུར་བཞུགས་མོལ་ཚོགས་འདུ་རེ་འཚོགས་ཏེ། སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་གཅིག་ལ་དབྱེ་ཞིབ་དང་གྲོས་བསྡུར་བྱས་ནས།ལག་བསྟར་བྱེད་འཐུས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད།སླད་ཕྱིན་རྒྱལ་ཡོངས་སྲིད་གྲོས་ཀྱིས་ད་དུང་སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་ལ་མུ་མཐུད་དོ་སྣང་དང་ལས་དོན་ཧུར་ཐག་སྤེལ་ནས་ཐུན་མོང་དུ་སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་ལས་དོན་འཕེལ་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་གི་ཡིན།
སྲིད་གྲོས་ཨུ་ཡོན་གྱི་འོས་ཐོབ་དམ་ནན་ལ་ཤུགས་སྣོན་རྒྱག་པ་སོགས་གནད་དོན་སྐོར་གླེང་སྐབས་ཀོའོ་ཝུའེ་མིན་གྱིས།2019ལོའི་ཟླ་3ཚེས་1ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྡོམས་ཨུ་ཡོན་3གྱི་འོས་ཐོབ་ མེད་པར་བཟོས་པ་དང་ཨུ་ཡོན་2ལ་ཨུ་ཡོན་ནས་དགོངས་པ་ཞུ་དགོས་པའི་བཀའ་རྒྱ་བཏང་ཡོད་ཅེས་གསུངས།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐