彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

༄༅།། རྨ་ཆུ་རྫོང་གིས་ཏང་འཛུགས་ལ་ཤུགས་བསྣན་ནས་དབུལ་སྐྱོར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་བ།

      མཚོ་ངོས་ལས་མཐོ་ཚད་སྨི3600ཡོད་པའི་རྨ་ཆུའི་མཐོ་སྒང་དུ།གུང་ཁྲན་ཏང་ཡོན་རེ་རེ་ནི་སྔོན་ཐོན་དང་མིག་དཔེ་ཡི་དར་ཆ་རེ་རེ་ཡིན། གཞི་རིམ་གྱི་ཏང་རྩ་འཛུགས་རེ་རེ་ནི་དབུལ་ཕོངས་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི“བཙན་རྫོང”རེ་རེ་ཡིན། དམངས་ཕྱུག་ཐོན་ལས་རེ་རེ་ནི་ཕྱུག་འགྱུར་ཕྱོགས་སུ་བསྐྱོད་པའི་ལམ་ཆེན་རེ་རེ་ཡིན།
      ཏང་ཡོན་རེ་རེ་ནི་དར་ཆ་རེ་རེ་ཡིན།འཇམ་དབྱངས་ཚེ་བརྟན་གྱིས2016ལོ་ནས་སྟོང་དཔོན་སྡེ་བ་འགན་ལེན་བྱས་པ་ནས་བཟུང་།ཁོས་ནམ་ཡང་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རྣམས་འཚོ་བ་གསར་བ་ཇི་ལྟར་རོལ་ཐུབ་པར་བསམ་བློ་གཏོང་དགོས་པར་གྱུར།འཚོ་བའི་དགོས་མཁོའི་དབང་གིས་རྩྭ་ཐང་སྟེང་གི་ཕོ་མོ་རྒན་གཞོན་སུ་ཡིན་ཡང་སྦྲ་གུར་བཟོ་ཤེས་པ་དང་།ཡང་ན་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས་གུང་སེང་དང་དུས་ཆེན་སྐབས་སུ་མི་རྣམས་ཕྱི་རོལ་ཏུ་སྤྲོ་སེང་ལ་འགྲོ་སྐབས་སྦྲ་གུར་བཀོལ་མཁན་ཇེ་མང་དུ་ཕྱིན།འཇམ་དབྱངས་ཚེ་བརྟན་གྱིས་གནས་ཚུལ་འདིར་དམིགས་ནས་སྟོང་དཔོན་སྡེ་བ་ནས་སྦྲ་གུར་ལས་སྣོན་རིག་གནས་ཐོན་ལས་རྒྱས་སྐྲུན་བྱ་དགོས་པར་སེམས་ཐག་བཅད།བྱ་བ་གང་ཞིག་ཡིན་ཡང་འགོ་རྩོམ་དཀའ་བས།དང་ཐོག་དབུལ་ཕོངས་ཁྱིམ་ཚང་དག་ལས་དེར་བརྩོན་སེམས་དང་ཞུགས་འདོད་མེད་པས།ཁོས་ཁྱིམ་ཚང་རེ་རེ་བཞིན་བསམ་བློའི་སློབ་གསོ་ཐེངས་མང་བཏང་མཐར་སྡེ་བ་ཡོངས་ཀྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང11དང་མ་མཐའི་འཚོ་རྟེན་འགན་སྲུང་ཅན་གྱི་ཁྱིམ་ཚང12ཡོད་པ་ཚང་མ“བསོད་ནམས་ཡར་འགྲོ་འཚེམ་བཟོ་ཆེད་ལས་མཉམ་ལས་ཁང”དུ་ཞུགསསུ་བཅུག  དེང་སྐབས། རིམ་པ་སོ་སོའི་ རོགས་སྐྱོར་ལས་བྱེད་པའི་རོགས་སྐྱོར་འོགསྟོང་དཔོན་སྡེ་བའི་སྡེ་བ་ཐུན་མོང་གི་དཔལ་འབྱོར་ཧ་ཅང་དར་བ་དང་མིང་གྲགས་ཡོད་པའི་འབྱོར་ཕྱུག་སྡེ་བ་རུ་གྱུར་ཡོད།ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་དང་ཐོག་གི་ཁྱིམ་ཚང30ཡོད་པ་ལས་ད་ལྟ་ཁྱིམ་ཚང1ལས་མེད།
      གཞན་ད་དུང་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་བྱེད་པའི་དཔུང་ཁག་ཁྲོད་དུ་དབུལ་ཕོངས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་འབད་བརྩོན་བྱ་རྒྱུ་དེ་མི་ཚེ་འདིའི་དམིགས་འབེན་དུ་འཛིན་པའི་ཏང་ཡོན་འཇོན་ཐང་ཅན་ཞིག་ཡོད།ཁོ་ནི་ཞིང་ཆེན་ཡོངས་ཀྱི་སྐབས་ལྔ་བའི་ཀུན་སྤྱོད་དཔེ་ལེགས་ཅན་དེ་རྨ་ཆུ་རྫོང་དབལ་བན་ཚང་ཤང་མདོ་སྐྱ་སྡེ་བའི་ཏང་ཡོན་འབྲོག་པ་ཐུབ་ཁོ་རེད།ཁོས་ལོ15ཡི་རིང་ལ་དབུལ་ཕོངས་མང་ཚོགས་ལ་རྟ་ནོར་ལུག་གསུམ་དང་སྒོར་མོ་སོགས་རིམ་བསགས་ཀྱིས་བརྩིས་ན་དབུལ་ཕོངས་ཁྱིམ་ཚང100ལྷག་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི 200ལྷག་བྱིན་པ་རེད།2011ལོར།རིམ་པ་སོ་སོའི་ཏང་ཨུའི་རྒྱབ་སྐྱོར་འོགཁོས་རྨ་ཆུ་རྫོང་དཔལ་བན་ཚན་ཤང་ཐུབ་ཁོ་ ནོར་གནག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་དབུལ་ཕོངས་ཁྱིམ་ཚང13མཉམ་ལས་ཁང་དུ་བཞག་པ་དང་ཁྱིམ་ཚང་རེའི་ལོ་རེའི་ཡོང་སྒོ་སྒོར 3000ཇེ་མང་དུ་བཏང་།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐