彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།རང་ཁུལ་གྱིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་ལྡོག་བསམ་འཆར་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། དག་ཐེར་བྱ་བའི་འཆར་གཞི་ལ་ཡང་བསྐྱར་གྲོས་ཞིབ་བྱས།

    ཟླ2པའི་ཚེས17ཉིན་གྱི་ཕྱི་དྲོར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀན་ལྷོ་ཁུལ་གྱི་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་ལྡོག་བསམ་འཆར་དག་ཐེར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། 《ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་ཐད་ཀྱི་ཀན་ལྷོ་ཁུལ་གྱི་དག་ཐེར་བྱ་བའི་འཆར་གཞི》ལ་ཡང་བསྐྱར་གྲོས་ཞིབ་བྱས་པ་དང་། ཁུལ་ཡོངས་ཀྱི་དག་ཐེར་དོན་འཁྱོལ་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐའ་གཅིག་ཏུ་ཆེད་དོན་སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་རང་རྟོགས་ཀྱིས“སྲུང་སྐྱོང་གཉིས”ཉམས་ལེན་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་།དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གནད་འགག་གི་དུས་རིམ་ཞིག་ཏུ་བརྩིས་ཏེ། ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཀྱིས་སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་ལ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ཆད་ལྷག་མེད་པར་དོན་འཁྱོལ་མཐའ་འཁྱོངས་བྱ་དགོས་ཞེས་བསྟན་པ་མ་ཟད། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་བས་ཇེ་མཐོར་བཏང་ནས། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཆབ་སྲིད་ཀྱི་སྐོར་ཞིབ་དང་ཆབ་སྲིད་ཀྱི་ཞིབ་དཔྱད་ལ་ངོས་ཟིན་གང་ལེགས་བྱ་དགོས་པ་དང་།བྱེད་ཐབས་དང་ཐབས་ཤེས་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་།གནད་སའི་ལས་འགན་དང་དུས་རིམ་གྱི་ལས་འགན། ཡུན་རིང་གི་ལས་འགན་བཅས་དབྱེ་བ་ཕྱེས་ཏེ། དག་ཐེར་བྱེད་ཐབས་དང་དག་ཐེར་གྱི་ཚད་གཞི། དག་ཐེར་གྱི་ཕན་འབྲས་དང་དག་ཐེར་གྱི་དུས་ཚད་བཅས་འདོན་དགོས་ལ།བྱ་བ་ཀུན་དོ་དམ་བྱེད་མཁན་ཡོད་པ་དང་རེ་རེ་བཞིན་དམ་འཛིན་བྱེད་མཁན་ཡོད་པ།བྱེད་ཐབས་དོན་འཁྱོལ་ཐུབ་པའི་དག་ཐེར་གྱི་སྡོམ་ཤུགས་ཆེན་པོ་ཞིག་གོང་བུར་ཆགས་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས《ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་ཐད་ཀྱི་ཀན་ལྷོ་ཁུལ་གྱི་དག་ཐེར་བྱ་བའི་འཆར་གཞི》དོན་འཁྱོལ་ནན་མོ་བྱེད་པ་དང་། སྒམ་བརླིང་གཟབ་ནན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་དང་ཆབ་སྲིད་ཀྱི་ཚད་གཞི་གསལ་བོ་བྱེད་པ། ཆབ་སྲིད་ཀྱི་བླང་བྱ་ནན་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་བསྒྲུབ་པ་དང་།ཆབ་སྲིད་ཀྱི་གནས་བབ་ཇེ་མཐོར་ གཏོང་བ་དང་དམིགས་བྱའི་གནད་དོན་ལ་བལྟས་ནས་བྱེད་ཐབས་དང་ཐབས་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ།ཆེས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་ཆེས་ནུས་ལྡན་གྱི་བྱ་ཐབས།ཆེས་ཏན་ཏིག་གི་སྤྱོད་ཚུལ་གྱིས་གནད་དོན་སོ་སོ་ཕྱོགས་ཡོངས་དང་མཐའ་གཅིག་ཏུ་དག་ཐེར་དང་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་སྒྲོལ་མ། དེ་མིན་ཁུལ་སློབ་གསོ་ཅུས་དང་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ།ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐