彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་པ།

    ཉེ་ཆར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་གྲོས་ཚོགས་བསྡུས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་མཐའ་ཚད་བསམ་བློ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་ཚབས་ཆེན་ཤུགས་ལྡན་སྒོས་སེལ་བའི་ཆེད་དོན་གྲོས་ཞིབ་འཛིན་གྲྭ་དང2019ལོའི་ལོ་སར་ལྷན་འཛོམས་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།སྐོར་གཟིགས་སྒྲིག་བཅོས་དང་ནག་སེལ་གཤེད་བཅོམ།དཀའ་ཁག་ཅན་གྱི་ལས་བཟོ་བ་དཀའ་གནད་ལས་ཐར་བ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱིས།ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་འགན་འཁྲི་ཡིས་དབུལ་ཐར་མཁྲེགས་གཏོར་སྐོར་གཟིགས་སྒྲིག་བཅོས་ཀྱི་བྱ་བ་ལག་བསྟར་དང་ཚད་མཐོའི་ཆབ་སྲིད་ལས་འགན་གྱིས་གནད་དོན་སྒྲིག་བཅོས་ཀྱི་ཐབས་ཚུལ་ཞིབ་ཚགས་ངང་བཀོད་པ་ལེགས་པོ་བསྒྲུབ་པ།ཚད་མཐོའི་ཆབ་སྲིད་སྒྲིག་ཁྲིམས་ཀྱིས་སྒྲིག་བཅོས་དོན་འཁྱོལ་ཐབས་ཚུལ་བརྩི་སྲུང་བྱེད་བཅས་ཀྱི་ཕྱོགས་ནས་ངེས་པ་དོན་གྱིས་སྒྲིག་བཅོས་དོན་འཁྱོལ་སྐུལ་སྤེལ་བྱ་བ་ཕྱོགས་ཡོངས་ནས་མཐོར་འདེགས་ཡོང་བ་བྱ་དགོས་ལ།“རྩ་བཅོས་སྔོག་འདོན”གྱི་དམིགས་འབེན་བླང་བྱ་དང་དམ་པོར་སྦྲེལ་ནས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་མུ་མཐུད་དུ་རྒྱ་བསྐྱེད་དགོས་ཤིང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་དཀའ་གནད་སེལ་བའི་བྱ་བ་དབུལ་ཐར་མཁྲེགས་གཏོར་བྱ་བའི་ནང་བརྩིས་ནས།2020ལོར་ཁུལ་ཡོངས་ཀྱི་དཀའ་ཁག་ཅན་གྱི་ལས་བཟོ་བ་འབྱོར་འབྲིང་སྤྱི་ཚོགས་སུ་སྤོ་ཐུབ་པར་ཁག་ཐེག་བྱ་དགོས་ཞེས་བསྟན།
   ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། སུང་ཅན། དབྱང་ཝུའུ། དབྱང་སྒྲོལ་མ། ཧའོ་ཅུའེ་རྨིན།དབྱང་ཅུན་བཅས་གྲོས་ཚོགས་སུ་ཞུགས་ཤིང་།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་གྲོས་ཚོགས་སུ་ཟུར་ཞུགས་བྱས།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐