彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཀྲུང་དབྱང་གསུང་སྙན།

མདུན་ཤོག > རེས་མོའི་གསར་འགྱུར། > ཀྲུང་དབྱང་གསུང་སྙན།

༄༅།།ཡུས་ཁྲིན་ཧུའེ་ཡིས་གཙོས་གྲོང་ཁྱེར་གྱི་ཁོར་ཡུག་གཙང་སྦྲ་དང་གྲོང་ཁྱེར་གྱི་རྣམ་པ་ཇེ་བཟང་དུ་གཏོང་བའི་བྱ་བར་ཞིབ་བཤེར་བྱས་པ།

    ཉེ་ཆར།ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་དུ་སོང་ནས་ཁོར་ཡུག་གཙང་སྦྲ་དང་གྲོང་ཁྱེར་གྱི་རྣམ་པ་ཇེ་བཟང་དུ་གཏོང་བའི་བྱ་བར་ཞིབ་བཤེར་བྱས།ཁོས་བསྟན་ པར།གཙོ་གནད་དམ་འཛིན་དང་དངོས་དོན་གཉེར་བ།སྐབས་བཞི་བའི་དར་གོས་ཚོང་ལམ(ཏུན་ཧོང)རྒྱལ་སྤྱིའི་རིག་གནས་ བཤམས་སྟོན་ཚོགས་འདུ་དང་སྐབས་དགུ་བའི་ཏུན་ཧོང་དུ་བསྐྱོད་པ་སྟེ་དར་གོས་ཚོང་ལམ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན “གྲོས་ཚོགས་གཅིག་དང་དུས་ཆེན་གཅིག”ཞེས་པའི་བྱ་འགུལ་སྤེལ་བར་དམ་པོར་དམིགས་ནས་འབྲེལ་ཡོད་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོ་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་དཔོན་གཞོན་པའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་ཞིབ་བཤེར་ལ་འགྲོ་རོགས་བྱས།
    ཡུས་ཁྲིན་ཧུའེ་འཁོར་དང་བཅས་པ་སྔ་གཞུག་ཏུ་གཙོས་གྲོང་ཁྱེར་ཤམ་བྷ་ལ་རིག་གནས་ཐང་ཆེན་དང་ཚེར་ལུང་ཁོག་ལྗོངས་ཁུལ།དུང་ཕྲུག་ཁོག་བཅས་སུ་ཟབ་ཞུགས་བྱས་ནས་གཙོས་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་སྒྲིག་བཅོས་དང་ལྗོངས་ཁུལ་སྤྱི་གླིང་མཐོར་འདེགས། གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད།འགྲོ་ལམ་སྒྱུར་བཀོད་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས་ཤིང་། ཡུལ་དངོས་ནས་ལྟ་ཞིབ་དང་ཡར་ཞུར་ཉན་པ་སོགས་ཀྱི་ཐབས་ཀྱིས་རིགས་སོ་སོའི་བྱ་བ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས། གནས་བབ་གླེང་བ་དང་གནད་དོན་བརྗོད་པ། ཐབས་ཇུས་བཏོན་པ། འཕེལ་རྒྱས་འཆར་འགོད་སོགས་བྱས།
    ཡུས་ཁྲིན་ཧུའེ་ཡིས།“གྲོས་ཚོགས་གཅིག་དང་དུས་ཆེན་གཅིག”གི་གྲ་སྒྲིག་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཤེས་རྟོགས་ཡང་བསྐྱར་མཐོར་འདེགས་དང་སྟོབས་ཤུགས་ཡང་བསྐྱར་གཅིག་སྒྲིལ།འགན་འཁྲི་ཡང་བསྐྱར་གསལ་བོ།བྱ་བ་ཡང་བསྐྱར་ཞིབ་ཚགས།གྲོས་གཞི་ཡང་བསྐྱར་འཐུས་ཚང་།ཁོར་ཡུག་ཡང་བསྐྱར་གསར་སྐྲུན།ལས་འགན་ཡང་ བསྐྱར་ལག་བསྟར་བཅས་བྱ་དགོས་ལ།གཙོས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྣམ་པ་མཐོར་འདེགས་དང་མཚན་ལྗོངས་མཛེས་ བཀོད་མཐོར་འདེགས།དྲིལ་བསྒྲགས་ཁྱབ་རྡལ།ཁོར་ཡུག་ཡག་པོ་བསྐྲུན་པ།ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་སོགས་ཀྱི་བྱ་བ་ལེགས་པོ་སྒྲུབ་དགོས་ཤིང་།འབྲེལ་ཡོད་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོ་བསྒྲུབས་ནས་རིགས་སོ་སོའི་ལས་གཞི་འཛུགས་སྐྲུན་གྱི་སྤེལ་ཚད་ནུས་ཤུགས་ལྡན་པའི་སྒོས་སྐུལ་སྤེལ་བྱས་ཏེ“གྲོས་ཚོགས་གཅིག་དང་དུས་ཆེན་གཅིག”དུས་ཆེན་བྱ་འགུལ་ བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་དགོས་ཞེས་ནན་གྱིས་བསྟན།།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐