彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

འབྱོར་འབྲིང་ལམ་བུའི་ཐོག་གི་ཞབས་འདེགས་པ།

 —གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་ཧེ་ཁར་སྡེ་བ་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་རྟ་མགྲིན་སྐྱབས་ཀྱི་གནས་ཚུལ་རགས་བཀོད། 
   གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་ཧེ་ཁར་སྡེ་བ་རུ་བསྐྱོད་སྐབས་གྲོང་གསེབ་ཀྱི་མཛེས་ལྗོངས་ཞིག་ང་ཚོ་མདུན་དུ་མངོན་ཡོང་།མི་རབས་ནས་མི་རབས་བར་དེར་འཚོ་གནས་བྱེད་པའི་སྡེ་མི་དང་།ཡང་ན་འདི་གར་སྐོརཞིབ་བྱེད་པའི་ལས་རིགས་ཁག་གི་ལས་བྱེད་པ་ཚང་མར་ཧེ་ཁར་སྡེ་བ་ནི་གཙང་ཞིང་གྲལ་འགྲིག་པ་དང་། ཞི་མཐུན་འཕེལ་རྒྱས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པ་རེད།འོན་ཀྱང་།དེ་དག་ཚང་མ་རང་ཤུགས་སུ་བྱུང་བ་ཞིག་མ་ཡིན་པར། ཁ་གྱ་སྨད་ཤང་ཧེ་ཁར་སྡེ་བའི་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་རྟ་མགྲིན་སྐྱབས་ཀྱིས་ལོ་ངོ་དུ་མར་དཀའ་སྤྱད་འབད་འབུངས་དང་ལས་ཀར་ཧུར་བརྩོན་བྱས་པའི་གྲུབ་འབྲས་རེད། 
   ཧེ་ཁར་སྡེ་བ་ནི་གཙོས་གྲོང་ཁྱེར་གྱི་བྱང་རྒྱུད།སྲིད་གཞུང་གནས་ཡུལ་དང་བར་ཐག་སྤྱི་ལེ9ཡོད་པ་དང་། དེའི་མངའ་འོག་ཏུ་རང་བྱུང་སྡེ་བ 6 དང་། ཁྱོན་བསྡོམས་ཁྱིམ་ཚང113 ཡོད་ལ། མི579 ཡོད། 2013 ལོའི་ལོ་མཇུག་ཏུ་སྡེ་བ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་བོའི་ཁྱིམ་ཚང58 མི་གྲངས297 ཡོད་པ་དང་།དབུལ་བོའི་ཁྱབ་རྒྱ51.2%ཟིན་པ་དང་།གཏན་འཁེལ་བྱས་པའི་གྲོང་ཁྱེར་ཡོངས་ཀྱི་སྡེ་བ་དབུལ་བོ་གཙོ་བོའི་གྲས་ཤིག་ཡིན།  
    2011ལོར་རྟ་མགྲིན་སྐྱབས་ལས་ཀར་ཞུགས་པ་དང་།ཅང་མ་འགོར་བར་ཧེ་ཁར་སྡེ་བའི་འགན་འཁུར་འགོ་ཚུགས་པ་དང་སྡེ་བ་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པར་གྱུར།ཁོས་ཤེས་གསལ་ལྟར་ན། སྡེ་བ་དེ་འབྱོར་འབྲིང་སྡེ་བར་འཛུགས་སྐྲུན་བྱ་དགོས་ན།ཆེས་མ་མཐའ་ཡང་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་བྱ་བ་ཡག་པོ་བསྒྲུབ་དགོས་ལ།སྡེ་མིར་གཙང་སྦྲ་དང་སྐྱིད་སྣང་ལྡན་པའི་འཚོ་བའི་ཁོར་ཡུག་ཞིག་བསྐྲུན་དགོས།སྡེ་བའི་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་རྟ་མགྲིན་སྐྱབས་རྒྱུན་པར་གྲོང་རྡལ་སྲིད་གཞུང་དང་ཧེ་ཁར་སྡེ་བའི་བར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ།སྡེ་བར་བཅའ་སྡོད་དང་ཁྱིམ་ཚང་དུ་བསྐྱོད་དེ་སྡེ་མིའི་སྣེ་ཁྲིད་ནས“ དཀར་པོའི་སྦགས་གཙོག” ནན་འགོག་དང་། གད་སྙིགས་གཙང་བཤེར་དང་། ཐོག་མཐའ་བར་གསུམ་དུ་དེའི་ཁོངས་སུ་གཏོགས་པའི་སྡེ་ཁུལ་གྱི་མཛེས་སྡུག་ལྡན་པའི་སྡེ་བའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་ཞིག་ཏུ་ཧུར་བརྩོན་བྱེད་བཞིན་ཡོད།ཁོས་རང་ཉིད་ཀྱིས་རང་དཔེ་གཞན་སྟོན་དང་ངོ་མས་སྣེ་ཁྲིད་དེ་གྲོང་གསེབ་ས་ཁུལ་གྱི་གད་སྙིགས་གཙང་གསེལ་བྱས་པ་དང་། ཁོས་སྒེར་འཁོར་ནང་དུས་རྒྱུན་དུ་ཆུ་ལྷམ་དང་། གད་སྙིགས་ལྡུག་སྣོད། གད་སྙིགས་འཐུ་བྱེད་སྐམ་པ་གྲ་སྒྲིག་བྱས་ཡོད་ཅིང་། དུས་མཚུངས་སུ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་བྱེད་བཞིན་ཡོད།ཁོས་ཁྱིམ་ཚང་རེ་རེ་ནས་སྡེ་མིའི་གོ་བདེ་བའི་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཐབས་ཇུས་ལ་གསལ་འགྲེལ་བྱས།དང་ཐོག་དམངས་ཕན་སྲིད་ཇུས་ནས་འགོ་བརྩམས་ཏེ། དེར་མཐུད་རྒན་གསོ་དང་། སྨན་བཅོས། སློབ་གསོའི་ཐད་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། དེ་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་དཔལ་འབྱོར་གྱི་ལམ་ལུགས་སོགས་སློབ་སྦྱོང་བྱེད་དུ་བཅུག་པས། རིག་གནས་ཆུ་ཚད་དམའ་བའི་སྡེ་མི་རྣམས་ལ་རིམ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་དར་ཞིང་རྒྱས་པའི་རྣམ་པ་དང་བདེ་ཞིང་སྐྱིད་པའི་འཚོ་བ་བསྐྲུན་པ་ཤེས་སུ་བཅུག སྡེ་བ་འགན་གཙང་ལེན་བྱེད་པའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་རྟ་མགྲིན་སྐྱབས་ཀྱིས་སྒྲུབ་པ་ནི་བྱ་བ་ཞིག་ཡིན་པ་མ་ཟད། དམངས་ཕན་གྱི་བྱ་བ་ཞིག་ཀྱང་ཡིན། དེ་ལས་ཆེས་མི་སེམས་ལ་ཟུག་པ་ནི། ཁོས་རྒྱུན་གཏན་གྱི་ལས་དོན་ལེགས་གྲུབ་བྱུང་རྗེས།དམངས་ཀྱིས་སེམས་ཁྲལ་བྱེད་ས་དང་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་།སྤྱིར་བཏང་གི་ལས་བྱེད་པ་ཞིག་གི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་མི་དམངས་ལ་ཞབས་འདེགས་ཞུ་བ་སྟེ་གསལ་ལེར་མཚོན་ཡོད། 
   2018ལོའི་སྟོན་འགོར་སྡེ་བ་ག་གེ་མོ་ཞིག་གི་གློག་སྒྲོན་གློག་ལམ་ལས་མེ་སྐྱོན་བྱུང་བ་ཐོས་རྗེས། རྟ་མགྲིན་སྐྱབས་ཀྱིས་དྲག་ཆར་ལ་མ་འཛེམ་པར་རླངས་འཁོར་བསྐོར་ནས་ཡུལ་དངོས་སུ་འགྲོ་ཞོར་མེ་གསོད་རུ་ཁག་ལ་གཏུག་བ་བྱས། ཁོས་ཡུལ་དངོས་ནས་ཉེན་ཁ་ཆེ་སའི་སྡེ་མི་བདེ་འཇགས་ཡིན་སར་ཕྱིར་འཐེན་བྱས་ཀྱང་། མེ་ཤིན་ཏུ་ཆེ་བས་མཐར་མེ་གསོད་མ་ཐུབ་ནའང་། མང་ཚོགས་རྣམས་མེ་དགྲའི་ཁ་ལས་བསྐྱབས། ལོ་དེའི་དགུན་ཁར།རྟ་མགྲིན་སྐྱབས་ཀྱིས་འགན་གཙང་ལེན་བྱེད་སའི་ཁང་ཐེམ་སྡེ་བའི་ལོ80ལ་སླེབས་པའི་འགན་ལེན་ལྔའི་ཁྱིམ་ཚང་གི་རྒན་མོ་ཞིག་ནད་གཞི་ལྕི་མོ་ཞིག་གིས་ཉལ་སར་ལྷུང་།ཁོས་གནས་ཚུལ་དེ་ཤེས་རྗེས་།འཕྲལ་དུ་ཨ་མ་རྒན་མོ་ཏེ་སྨན་ཁང་དུ་བསྐྱལ་ཏེ།སྨན་བཅོས་གྲོན་དངུལ་ཚབ་སྤྲོད་བྱས་ནས་མྱུར་སྐྱོབ་གསོ་བཅོས་བྱས།ཡིད་ཕངས་པ་ཞིག་ལ་ཨ་མ་རྒན་མོ་ལ་ནད་གཞི་ལྗིད་མོ་ཕོག་སྟེ་མྱུར་སྐྱོབ་གོ་མ་ཆོད་པར་ཚེ་ལས་འདས།དོན་དག་བྱུང་རྗེས།རྟ་མགྲིན་སྐྱབས་ཀྱིས་རང་ཉིད་ཨ་མ་རྒན་མོའི་བུ་ཕྲུག་གི་སར་བསྡད་དེ་གཤིན་པོའི་རྗེས་ཀྱི་བྱ་བ་ཚང་མ་སྒྲུབ། ན་ནིང་ཁང་ཐེམ་སྡེ་བའི་རྡོ་རྗེ་རིན་ཆེན་ཚང་གི་ས་འོག་ཆུ་འདྲེན་སྦུ་གུ་ཆད་ནས་འཐུང་ཆུ་ལ་དཀའ་ཁག་བྱུང་། གོང་རིམ་ལ་ཡར་ཞུ་བྱས་མྱོང་མོད། འོན་ཀྱང་དོན་འཁྱོལ་ཅུང་དཀའ་བས་མཚམས་འཇོག་བྱས་བྱུང་། རྟ་མགྲིན་སྐྱབས་ཀྱིས་གནས་ཚུལ་འདི་ལ་རྒྱུས་ལོན་བྱས་རྗེས།ཡར་རྒྱུག་མར་རྒྱུག་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་ལས་གཞིའི་མ་དངུལ་ཆུང་ཆུང་ཞིག་རེ་ཞུ་བྱས་མཐར།གཞི་ནས་རྡོ་རྗེ་རིན་ཆེན་ཚང་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ་རེད།གནས་ཚུལ་འདི་དག་དོན་དག་ཆུང་ཡང་།མི་དམངས་མང་ཚོགས་ལ་རྒྱལ་ཁབ་རླབས་ཆེན་ཡིན་པ་དང་།ཏང་གི་དྲོ་སྐྱིད་ཤེས་སུ་བཅུགདེ་ལས་རྟ་མགྲིན་སྐྱབས་ཀྱི་ལས་ལ་བརྩོན་པ་དང་དམངས་ལ་ལྷག་བསམ་རྣམ་དག་ཡིན་པའི་རང་གཤིས་རྣལ་མ་བེ་གསལ་བར་མཚོན་ཐུབ།ལོ་ངོ་འདི་དག་གི་རིང་།འདི་ལྟ་བུའི་དོན་དག་ཁོའི་སྟེང་དུ་གང་མང་མང་བྱུང་ནའང་། ཁོ་ཉིད་ཀྱིས་དེ་ནི་རང་གི་འོས་འགན་ཞིག་ཏུ་བརྩིས་པ་ལས། འཁེང་ར་དང་སྡུག་ཡུས་སྟོན་མ་མྱོང་། སྡེ་བ་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ་རྟ་མགྲིན་སྐྱབས་ནི་མི་དཀྱུས་མ་ཞིག་ཡིན་ཞིང་། ལས་ཀའང་ཧ་ཅང་སྤྱིར་བཏང་བ་ཞིག་ཡིན།འོན་ཀྱང་ཁོའི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས་ཏེ་ང་ཚོས་ཡི་རངས་དང་སློབ་སྦྱོང་བྱ་དགོས་པ་ཞིག་རེད།། (གསར་འགོད་པ་ལྷ་མོ་བཀྲ་ཤིས་ཀྱིས།)

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐