彩票论坛推荐
今天是:

གཞི་རིམ་ཏང་འཛུགས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

མདུན་ཤོག > གཞི་རིམ་ཏང་འཛུགས། > གཞི་རིམ་རྩ་འཛུགས་འཛུགས་སྐྲུན།

༄༅།།ཀླུ་ཆུ་རྫོང་གིས་དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་ཁྲིད་སྦྱོང་ལྟེ་གནས་འཛུགས་སྐྲུན་བྱེད་ པར་ཤུགས་བསྣན་པ།

      ཀླུ་ཆུ་རྫོང་གིས་བྱང་ཚད་མཐོར་འདེགས་དང་བཙན་རྫོང་སྟོབས་ལྡན།འཕེལ་རྒྱས་སྐུལ་སྤེལ།དབུལ་ཐར་རོགས་འདེགས་ལ་དམ་པོར་དམིགས་ཏེ།དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་ཁྲིད་སྦྱོང་ལྟེ་གནས་དེ་མང་ཚོགས་ལ་སློབ་སྦྱོང་དང་མང་ཚོགས་གསོ་སྦྱོང་།མང་ཚོགས་ལ་དྲག་ཆས་སྤྲས་པ།མང་ཚོགས་མཐོར་འདེགས་གཏོང་བའི་གལ་ཆེའི་གཡུལ་སར་གྱུར་བ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོར་ཐོབ་ཡོད། ཀླུ་ཆུ་རྫོང་གིས“ཚད་གཞི་ཡོད་པ་དྲུག”དང“གཅིག་ལེགས་གྲུབ་བྱུང་ན་གཅིག་འཛུགས་པའི”རྩ་དོན་ལྟར་དུ།རྫོང་ཡོངས་ཀྱིས་དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་ཁྲིད་སྦྱོང་ལྟེ་གནས54བཙུགས།དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་ཁྲིད་སྦྱོང་ལྟེ་གནས་ཀྱིས་ཚད་ལྡན་ཅན་དང་སྤུས་ཚད་མཐོ་བའི་དགོས་མཁོར་དམིགས་ནས།ཆབ་སྲིད་ལ་བརྩི་སྲུང་དང་སྲིད་ཇུས་ཤེས་པ།ལས་སྒོ་བྱང་ཆུབ་པ་བཅས་ཀྱི་ཚད་གཞི་ལྟར།རྫོང་ཐད་གཏོགས་སྡེ་ཚན་གྱིས་རྐང་འཛིན་དང་།ཞིང་ལས་ལག་རྩལ་མི་སྣ།ཧྲུའུ་ཅི་དང་པོ།གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི།གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ།ཕྱུག་སྒྱུར་འཇོན་ཐང་ཅན།རོང་འབྲོག་མི་སྣ་འཇོན་ཐང་ཅན་སོགས་མི་སྣ་སྔོན་ཐོན་ཅན55ཁྲིད་སྦྱོང་འགན་འཁུར་མི་སྣར་བདམས་པ་དང་།ཁྲིད་སྦྱོང་རིམ་པ་ཁག་གི་མི་སྣས་ཆེད་ལས་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་རེའུ་མིག་བཀོད་སྒྲིག་བྱས་ཤིང་།ཐོན་སྐྱེད་དང་འཚོ་བའི་འཐབ་ཕྱོགས་དང་པོར་ཟབ་འཇུག་ཧུར་ཐག་བྱས་ནས།འབྲོག་ས་དང་གྲོང་གསེབ།ཞིང་ཁ་དང་ཡུར་ཁར་སོང་ནས།རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་གོ་སླ་བའི་ཚིག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།རོང་འབྲོག་མང་ཚོགས་དབུལ་ཕོངས་ཅན་ལ་དབུལ་སྐྱོར་བྱེད་པའི་སྲིད་ཇུས་དང་ཕྱུག་འགྱུར་གྱི་བྱ་ཐབས་འགྲེལ་བཤད་བྱས། 
      མིག་སྔའི་བར་དུ།རྫོང་དང་ཤང་།སྡེ་བ་བཅས་རིམ་པ་གསུམ་གྱི་ཁྲིད་སྦྱོང་མི་སྣས་ཁྲིད་སྦྱོང་དཔུང་ཁག་གི་གྲུབ་ཆ་གཙོ་བོར་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཁྲིད་སྦྱོང་ཐེངས102སྤེལ་བ་དང་།ཁྲིད་སྦྱོང་ལ་ཞུགས་པའི་རོང་འབྲོག་མང་ཚོགས་མི3000ལྷག་ཡོད།རིམ་བཞིན་ཁྲིད་སྦྱོང་ཚད་ལྡན་ཅན་དང་སྒྲིག་ལམ་ཅན།རྒྱུན་ལྡན་ཅན་དུ་ཆགས་ནས།“དུས་རབས་གསར་ བའི་རོང་འབྲོག་མང་ཚོགས་ཀྱི་ཁྲིད་སྦྱོང་ལྟེ་གནས”ཀྱིས་མང་ཚོགས་ལ་སློབ་གསོ་གཏོང་བ་དང་།མང་ཚོགས་སྐུལ་སློང་བྱེད་པ། མི་རྣམས་ཀྱི་སེམས་ཤུགས་གཅིག་ཏུ་འགྲིལ་བའི་གཡུལ་སའི་ཐོག་མའི་རྣམ་པ་གྲུབ་ཡོད།། མདོ་ལྷོ་དྲ་ནས།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐