彩票论坛推荐
今天是:

རེས་མོའི་གསར་འགྱུར།

ཉིན་རེའི་གསར་འགྱུར་གལ་ཆེན།

མདུན་ཤོག > རེས་མོའི་གསར་འགྱུར། > ཉིན་རེའི་གསར་འགྱུར་གལ་ཆེན།

༄༅།། ཀན་ལྷོ་ཁུལ་གྱིས་རྩ་འཛུགས་བྱ་བའི་གྲོས་ཚོགས་ཚོགས་པ།

http://www.tlfny.com.cn/HdAtt/img/2018/11/20181117174527529001.jpg
ཟླ༡༡པའི་༡༥ཉིན། ཀན་ལྷོ་ཁུལ་རྩ་འཛུགས་བྱ་བའི་གྲོས་ཚོགས་གཙོས་སུ་ཚོགས་པ། ཁུལ་གྱི་འགོ་ཁྲིད་ཞའེ་ཆང་དང་། ཧད་མུའུ་པའོ། སུང་ཅན། དབྱང་ཞོན། ཧའོ་ཅོའོ་རྨེན།ཧུའུ་ཞའོ་ཧྥུན།ལེང་རྨེན་ཀོང་།ལིའུ་ཡུན་ཀའེ།རིན་ཆེན་དོན་འགྲུབ་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ། ཁུལ་ཨའི་ཧྲུའུ་ཅི་ཡུས་ཁྲིན་ཧའེ་གྲོས་ཚོགས་ལ་ཞུགས་ཏེ་ནན་གྱིས་བསྟན་པར། 
http://www.tlfny.com.cn/HdAtt/img/2018/11/20181117174528415002.jpg
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་རྒྱལ་ཡོངས་རྩ་འཛུགས་བྱ་བའི་གྲོས་ཚོགས་སྟེང་གི་གལ་ཆེའི་གསུང་བཤད་དུ་དུས་རབས་གསར་བའི་རྩ་འཛུགས་ལམ་ཕྱོགས་དང་ལག་ལེན་གྱི་བླང་བྱ་སོགས་ཀྱི་ཐད་ནས་གཏིང་ཟབ་སྒོས་གསལ་བཤད་བྱས་པ་དང་།དུས་རབས་གསར་བའི་ཏང་འཛུགས་དང་རྩ་འཛུགས་ལས་དོན་གྱི་དམིགས་འབེན་ཁ་ཕྱོགས་དང་གལ་ཆེའི་ལས་འགན་བཅས་ཀྱི་ཕྱོགས་ནས་རྒྱས་བཤད་བྱེད་པ་དང་།དུས་རབས་གསར་བའི་ཏང་འཛུགས་དང་རྩ་འཛུགས་བྱ་བར་མདུན་སྐྱོད་ཀྱི་ལམ་ཕྱོགས་བསྟན་ཡོད།  
http://www.tlfny.com.cn/HdAtt/img/2018/11/20181117174529888006.jpg
ཁུལ་ཡོངས་ཀྱིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལྟར་གཅིག་གྱུར་བྱེད་ནས།དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་འདོམས་གྱི་གལ་ཆེའི་ལས་འགན་ཡིན་པའི་ངོས་ཟིན་ཟབ་མོ་རྒྱུན་འཁྱོངས་བྱེད་ནས་ཀན་ལྷོ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ཡོང་བའི་ལམ་ཕྱོགས་ཁག་ཐེག་བྱེད་དགོས་པ་དང་།ཏན་ཏིག་སྒོས་ཏང་འཛུགས་དང་རྩ་འཛུགས་ལས་དོན་གྱི་འགན་འཁྲིའི་འདུ་ཤེས་དང་།འཚབ་ཆེན་གྱི་འདུ་ཤེས་ལ་ཤུགས་བསྣན་ཏེ་བཅོས་བསྒྱུར་དང་།འཕེལ་རྒྱས།བདེ་འཇགས་བཅས་ཀྱི་དོན་དངོས་ལ་དམིགས་ནས།འབད་བརྩོན་གྱིས་ཁུལ་ཡོངས་ཀྱི་ཏང་འཛུགས་དང་རྩ་འཛུགས་བྱ་བའི་རྣམ་པ་གསར་བ་བསྐྲུན་ཏེ་བདེ་སྐྱིད་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་པར་སྲ་བརྟན་གྱི་ཆབ་སྲིད་དང་རྩ་འཛུགས།ཤེས་ལྡན་པ་བཅས་ཀྱི་ཕྱོགས་ནས་ཁག་ཐེག་བྱེད་དགོས་པར་བསྟན།
http://www.tlfny.com.cn/HdAtt/img/2018/11/20181117174529328007.jpg
གྲོས་ཚོགས་སུ་ད་རུང་ཚན་བགོས་བགྲོ་གླེང་བྱས་པ་དང་།རྫོང་དང་གྲོང་ཁྱེར།ཁུལ་གཏོགས་ལས་ཁུངས་ཁ་ཤས་ཀྱི་ཚབ་བྱེད་མི་སྣས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་བྱས་པ་རེད།
http://www.tlfny.com.cn/HdAtt/img/2018/11/20181117174530397012.jpg  
ཁུལ་ཨུའི་གཞུང་ལས་ཁང་གི་ཀྲུའུ་རིན་དབྱང་ཀྲིན་ལིན་གྱིས་གཏམ་བཤད་བྱེད་བཞིན་པ།


©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐