彩票论坛推荐
今天是:

འཇོན་མིའི་བྱ་བ།

འཇོན་མིའི་བྱ་བ།

མདུན་ཤོག > འཇོན་མིའི་བྱ་བ། > འཇོན་མིའི་བྱ་བ།

༄༅།།“རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་ཚོགས་འདུ་བསྡུས་པ།

ཉེ་ཆར།ཁུལ་ཡོངས་ཀྱི་ཤེས་ཡོན་པའི་ཁྲོད་ནས“རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ”ཞེས་པའི་བྱེད་སྒོ་འགོ་ཚུགས་པའི་ཚོགས་འདུ་བསྡུས་པ་དང་།ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་།རྩ་འཛུགས་པུའུ་ཀྲང་ཞིས་ཆང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་རེད། ཞིས་ཆང་གིས་བསྟན་དོན།ཤེས་ཡོན་པའི་ཁྲོད་ནས“རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པ”ཞེས་པའི་བྱ་འགུལ་སྤེལ་བ་ནི།ད་ལྟའི་ཆར་ཁུལ་ཡོངས་ཀྱི་འཇོན་ཐང་མི་སྣ་བྱ་བའི་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཞིག་ཡིན་པས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་གཏང་དགོས་པའི་སྐོར་གྱི་མཆན་བཀོད་དགོངས་དོན་གལ་ཆེན་དང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཡི་བཀོད་སྒྲིག་བླང་བྱ་དངོས་འབེབས་དོན་འཁྱོལ་བྱེད་སྟངས་ཤིག་ཡིན་ལ།“འདུ་ཤེས་བཞི”དང“ཡིད་རྟོན་བཞི”སྲ་བརྟན་དུ་བཏང་ནས།རྒྱལ་གཅེས་བསམ་བློ་དང་བརྩེ་དུང་གང་ཡོད་ཀན་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་ནས་མངོན་འགྱུར་བྱ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན།ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ་དང་།ལས་དོན་དངོས་དང་ཟུང་འབྲེལ་བྱེད་པ། དུས་རྒྱུན་གྱི་འཚོ་བའི་ཁྲོད་ཞུགས་ནས། ཤེས་ཡོན་པས་ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཕྱི་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་འཇོག་པར་སྣེ་ཁྲིད་བྱ་དགོས་ཟེར།

©༢༠༡༧ཀན་ལྷོའི་ཏང་གི་འཛུགས་སྐྲུན་དྲ་བ། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པས་པར་དབང་འདི་གར་དབང་།

སྡོད་གནས། ཀན་ལྷོ་ཁུལ་ཨུའི་གཅིག་གྱུར་གཞུང་ལས་ཐོག་ཁང་གི་དྲུག་ཐོག ཁ་པར། ༠༩༤༡--༨༢༢༢༡༥༩ སྦྲག་ཨང་། ༧༤༧༠༠༠

དྲ་ངོས་རྡེབ་ཚད།མི་ཐེངས། དྲ་ངོས་སྒྲིག་བཟོ། ཧུང་ཏེན་དྲ་རྒྱ།

甘公網安備 62300102000044號

彩票论坛推荐